ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་དང་པོའི་སེམས་ཀྱི་ཉི་ཟླ་ཁ་བ་དཀར་པོའི་འཇོལ་གཞས་རིག་གནས་དུས་ཆེན་འཇོལ་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། སྐབས་དང་པོའི་སེམས་ཀྱི་ཉི་ཟླ་ཁ་བ་དཀར་པོའི་འཇོལ་གཞས་རིག་གནས་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་འཇོལ་དུ་སྤེལ་བ་རེད།

ཚེས20ཉིན་གྱི་མཚན་མོར།  འཇོལ་གཞས་རིག་གནས་དུས་ཆེན་གྱི་མགྲོན་བསུའི་དགོང་ཚོགས་དེ་འཇོལ་སློང་འབྲིང་ནས་འཚོགས།   ས་གནས་སོ་སོ་ནས་ཡོང་བའི་མགྲོན་པོ་དང་འཇོལ་རྫོང་ཡོངས་ཀྱི་མང་ཚོགས་ལྷན་དུ་འཛོམས་ནས་བསྒྱུར་བཅོས་སྒོ་འབྱེད་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུས་པ་དང་།  སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ་བ་རེད།

2.jpg

ཚེས21ཉིན་གྱི་སྔ་དྲོར།  སྐབས་དང་པོའི་སེམས་ཀྱི་ཉི་ཟླ་ཁ་བ་དཀར་པོའི་འཇོལ་གཞས་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་ཁ་བ་དཀར་པོའི་འདབས་ཀྱི་དབུ་ནུར་སྟེང་དུ་བསྡུས།  མཛད་སྒོར་རོལ་མོའི་ཁྲོད་དུ་འཆམ་མཐུན་དཀྲོལ་ཞེས་པ་དང་།  པི་ཝང་ཞབས་བྲོ་ནས་བདེ་སྐྱིད་འཁྲབ་པ།   བཀྲ་ཤིས་པའི་སྐོར་བྲོས་བདེ་བ་འཁྱམ་པ།   དཔའ་ཉམས་ལྡན་པའི་རས་པས་སྨོན་འདུན་ཞུ་བསོགས་ཀྱི་ལེ་ཚན་ལྔ་བགོས་ཡོད་པ་རེད།

ཚེས21ཉིན་གྱི་ཕྱི་དྲོར།   འཇོལ་རྫོང་གི་ཁ་བ་དཀར་པོ་བུམ་པའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་དེ་འཇོལ་ནས་འགོ་ཚུགས།  སྐབས་འདིའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཚེས21ཉིན་ནས་ཚེས28ཉིན་གྱི་བར་དུ་སྤེལ་རྒྱུ་ཡིན་པ་དང་།  འཇོལ་གྱི་གྲོང་རྡལ་དང་སྡེ་ཚན་སོ་སོ་ནས་ཡོང་བའི་འཐུས་མི་རུ་ཁག15འགྲན་བསྡུར་ཞུགས་ཡོད་པ་རེད།

5.jpg

6.jpg

ཚེས21ཉིན།   དུས་ཡུན་ཉིན་བཞི་རིང་གི་ཁྱད་ལྡན་ཐོན་རྫས་བཤམས་འཚོང་ཚོང་འདུས་དེ་འཇོལ་རྫོང་མི་རིགས་ཐང་ཆེན་ནས་འགོ་ཚུགས་ཏེ།  ཚོང་འདུས་ཐོག་འཇོལ་དང་སེམས་ཀྱི་ཉི་ཟླ།  འབའ་ལུང་བཅས་རྫོང་དང་གྲོང་ཁྱེར་གསུམ་གྱི་ཚོང་དོན་གྲོས་མོལ་ཁུལ་3དང་ཚོང་བཤམས་ས29འཛུགས་ཡོད།   བཤམས་འཚོང་ཚོང་འདུས་ཡུལ་དངོས་སུ་རི་སྐྱེས་སྦྲང་རྩི་དང་རྒུན་ཆང་།  ནས་རག  ཤིང་ཕོར།  བོད་ཀྱི་གོས་རྒྱན་སོགས་ཀྱི་ཐོན་རྫས་བཤམས་ཡོད་པ་རེད།

སྐབས་དང་པོའི་སེམས་ཀྱི་ཉི་ཟླ་ཁ་བ་དཀར་པོའི་འཇོལ་གཞས་རིག་གནས་དུས་ཆེན་སྤེལ་བའི་དུས་རིང་དུ།   ད་དུང་འཇོལ་གཞས་ཀྱི་འགྲན་སྟེགས་འགྲན་བསྡུར་ཐེངས་གསུམ་སྤེལ་རྒྱུ་ཡིན་ཏེ།  རུ་ཁག6གི་མི120འགྲན་བསྡུར་དེར་ཞུགས་པ་རེད། 

7.jpg

8.jpg

9.jpg

10.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།