ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་རྣམ་གྲངས2རྒྱལ་ཁབ་སྲོལ་རྒྱུན་བཟོ་འགོད་དར་སྤེལ་དཀར་ཆག་ནང་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

152749218180595.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་གཉིས་ཀྱིས་རྒྱལ་ཁབ་སྲོལ་རྒྱུན་བཟོ་རྩལ་གྱི་དར་སྤེལ་དཀར་ཆག་ཁག་དང་པོ་ཁྱབ་བསྒྲགས་བྱས་པ་དང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་ཀྱི་རྫ་མ་བཟོ་རྩལ་དང་སེམས་ཀྱི་ཉི་ཟླའི་འཇང་རིགས་ཀྱི་ཤོག་བཟོའི་ལག་རྩལ་གཉིས་དཀར་ཆག་དེའི་ནང་ཚུད་པ་རེད།

152749218351300.jpg

ཉི་ཤར་རྫ་མའི་ཐོན་རྫསསྣ་ཚོགས།

དཀར་ཆག་དེའི་ནང་རྣམ་གྲངས་སྣ383ཡོད་དེ།  ཚོན་འཐག་འཚེམ་དྲུབ་དང་གོས་རྒྱན་བཟོ་བ།  ཁྱིམ་ཆས་བཟོ་བ་དང་བཟའ་ཆས་བཟོ་བ་སོགས་རིགས14འདུ་ཡོད།  དེའི་ཁྲོད་དུ་ཡུན་ནན་ཞིང་ཆེན་གྱི་པའོ་ཧྲན་མིའོ་རིགས་གོས་རྒྱན་བཟོ་རྩལ་དང་མང་ཧྲིའི་ཏའེ་རིགས་ཤོག་དྲ་ལག་རྩལ།  བདེ་ཆེན་བོད་རིགས་ཀྱི་རྫ་མ་བཟོ་རྩལ། ལིན་ཚང་གི་ཏའེ་རིགས་དང་སེམས་ཀྱི་ཉི་ཟླའི་འཇང་རིགས་ཀྱི་ཤོག་བཟོའི་ལག་རྩལ་སོགས་སྲོལ་རྒྱུན་བཟོ་རྩལ་སྣ14དཀར་ཆག་ནང་ཚུད།

152749231546106.jpg

152749231595193.jpg

སེམས་ཀྱི་ཉི་ཟླའི་འཇང་རིགས་ཀྱི་ཤོག་བཟོ་ལག་རྩལ།

ཤེས་རྟོགས་བྱུང་བ་ལྟར་ན།  དཀར་ཆག་དེས་གཙོ་གནད་དུ་རྒྱུན་འཛིན་རྨང་གཞི་དང་དར་འཕེལ་གྱི་མདུན་ལམ་ངེས་ཅན་ལྡན་པ་དང་།  རྒྱུན་འཛིན་བྱེད་མི་ཅུང་མང་བ།   དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པ་དང་རྒྱལ་ཁབ་དང་ས་གནས་ཀྱི་སྤུས་རྟགས་སུ་ཆགས་པ།  གསར་བརྗེ་ས་ཁུལ་དང་མི་རིགས་ས་ཁུལ།  མཐའ་མཚམས་ས་ཁུལ།  དབུལ་ཕོངས་ས་ཁུལ་སོགས་དང་འཕྲོད་པ་དང་།ས་གནས་དེ་ཚོའི་དཔལ་འབྱོར་དར་འཕེལ་ལ་སྣེ་ཁྲིད་བྱེད་ཐུབ་པ་དང་ལས་ཀར་ཞུགས་ཁྱོན་ཆེར་གཏོང་ཐུབ་པའི་སྲོལ་རྒྱུན་བཟོ་རྩལ་རྣམ་གྲངས་འདམས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།