དུས་ཚིགས་དང་པོར་བདེ་ཆེན་ཁུལ་གྱི་དཔལ་འབྱོར་བརྟན་པོའི་ཁྲོད་འཕེལ་རྒྱས་ཡོང་བ།

152170773839374.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་ནན་ཏན་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ།ཞིང་ཆེན་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ལ་བཏོན་པའི་བླང་བྱ་དོན་ཐོག་ཏུ་འབབ་པར་བྱས་པ་དང་།རྒྱུན་མཐུད་འཕར་སྣོན་བརྟན་པོ་བྱས་ཏེ།ནུས་ཤུགས་ཡོད་རྒུས་དུས་ཚིགས་དང་པོའི་གྲུབ་འབྲས་བཟང་པོ་ཐོབ་པར་འགན་ལེན་བྱས་པ་རེད།

152170779429654.jpg

ཁུལ་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་མགྱོགས་མྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་གཙོ་གནད་བྱས་ནས།བརྟན་འཕར་སྲིད་ཇུས་ཀྱི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་རེད།ཟླ་དང་པོ་ནས་གཉིས་པར།ཁུལ་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་བརླིང་ཡིན་པ་དང་།དུས་ཚིགས་དང་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོ་ལེན་རྒྱུ་མངོན་འགྱུར་བྱུང་པར་རྨང་གཞི་བཏིངས་པ་རེད།

152170784988126.jpg

གཅིག་ནི་མ་འཇོག་མགྱོགས་མྱུར་འཕར་སྣོན་བྱུང་རྒྱུ་རྒྱུན་འཁྱོངས་བྱས་པ།སྔོན་དཔག་བྱས་ན་གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་དུས་མཚུངས་ལས27.98%འཕར་རྒྱུ།གཉིས་ནི་གཞི་ཁྱོན་ཡན་གྱི་བཟོ་ལས་མགྱོགས་མྱུར་ངང་འཕར་བ།གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་ཚད་དུས་མཚུངས་ལས28.1%འཕར་བ།གསུམ་ནི་འཛད་སྤྱོད་ཐོན་རྫས་ཁྲོམ་རའི་འཁོར་སྐྱོད་བརྟན་པོ་ཡིན་པ།སྤྱི་ཚོགས་མཛད་སྤྱོད་ཐོན་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས12%འཕར་བ།མིག་སྔའི་དཔལ་འབྱོར་འཁོར་རྒྱུགས་ཀྱི་གནས་ཚུལ་དང་གནས་བབ་ལ་དབྱེ་ཞིབ་བྱས་པ་གཞིར་བཟུང་།སྔོན་དཔག་བྱས་ན་དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་དུས་མཚུངས་ལས10%ཡས་མས་འཕར་བ།ཞིང་ནགས་འབྲོག་ཉ་ལས་ཀྱི་རིན་ཐང་འཕར་ཚད་དེ་དུས་མཚུངས་ལས4.2%ཡས་མས་འཕར་བ།གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་དེ་དུས་མཚུངས་ལས25%ཡས་མས་འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་ཚད་དེ་དུས་མཚུངས་ལས25%ཡས་མས་འཕར་བ།སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་བསྡོམས་འབོར་དེ་དུས་མཚུངས་ལས12%ཡས་མས་འཕར་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།