ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས3ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཁུན་མིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཧའོ་ཡིས་ཚོགས་འདུར་མགོ་འཛིན་བྱས།

ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི54གྲོས་ཚོགས་ལ་ཞུགས་ཡོད་པས་ཁྲིམས་ལུགས་ཀྱི་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

གྲོས་ཚོགས་སྟེང་སོ་སོར་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧོ་ཏོན་ཆི་དང་ཧྲིན་ཀྲང་གཞོན་པ་ཏོང་ཧྭ།  ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའུ་ཅུན་ཧྭ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཧོའུ་ཅན་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལི་ཉིང་བཅས་ཀྱིས་མི་དོན་བསྐོ་འཐེན་དང་འབྲེལ་བའི་སྙན་ཞུ་ཕུལ་བ་མ་ཟད། ད་དུང་འབྲེལ་ཡོད་མི་སྣའི་བསྐོ་འཐེན་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

དེ་རྗེས། ཐེངས་འདིའི་གྲོས་ཚོགས་ཐོག་གསར་དུ་བསྐོས་པའི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་བ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ཀྱིས་མཉམ་དུ་རྩ་ཁྲིམས་དཔང་དུ་བཞག་སྟེ་དམ་བཅའ་བཞག

ཁྲེན་ཧའོ་ཡིས་ད་སྐབས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་ངོ་ལྔའི་རིང་གི་ཁྲིམས་འཛུགས་འཆར་འགོད་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གཅིག་གི་བྱ་བའི་གཙོ་གནད།  ཁྲིམས་འཛུགས་པ།  ལྟ་སྐུལ། འཐུས་མིའི་ལས་དོན་འཆར་གཞི་དང་ལས་དོན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་གྱི་གཙོ་གནད་གཏན་འབེབས་བྱེད་པ་བཅས་དམ་དུ་བཟུང་སྟེ།  ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད་གཏན་འབེབས་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་འགོ་ཡག་པོ་རྩོམ་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་པའོ་ཅན་དང་། ལི་ཕེ། ཝང་ཧྲུའུ་ཧྥེན། ན་ཅེ། དྲུང་ཡིག་ཆེན་མོ་ཧན་མེ། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཚོགས་འདུར་ཞུགས་པ་རེད། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཨུ་ཡོན་ལྷན་ཁང་ཁག  གཞུང་ལས་ཐིན། ཞིབ་འཇུག་ཁང་།  ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་སོགས་ཚོགས་འདུར་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།