ཀྲུང་གོ་བོད་ཀྱི་དྲ་བ།

2017ལོར་ཡུན་ནན་ཞིང་ཆེན་ཡུལ་སྐོར་ལས་རིགས་ཀྱིས་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར6922.23མངོན་འགྱུར་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2018-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་འཚོགས་པའི་ཡུན་ནན་ཞིང་ཆེན་ཡུལ་སྐོར་བདེ་འཇགས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་ཡུན་ནན་ཞིང་ཆེན་ཡུལ་སྐོར་ལས་རིགས་ཀྱིས་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར6922.23མངོན་འགྱུར་བྱུང་ལ་དེ་དུས་མཚུངས་ལས46.46%འཕར་སྣོན་བྱུང་ཡོད་པ་སྟེ།  དེའི་ནང་ཕྱི་གླིང་གི་གནས་སྐོར་བ་སྣེ་ལེན་ཞུས་པ་བསྡོམས་པས་མི་ཐེངས་ཁྲི667.69དང་དུས་མཚུངས་ལས11.21%འཕར་བ་དང་། རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་ཁྲི5.67སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས33.29%འཕར་སྣོན་བྱུང་ཡོད།

ཚོགས་འདུའི་སྟེང་། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མ་ཡིང་ཁྲུན་གྱིས2017ལོའི་ཡུལ་སྐོར་བདེ་འཇགས་ལས་དོན་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། ཡུན་ནན་གནས་སྐོར་ཉེན་འགོག་འགན་ལེན་གྱི་གྱོད་དོན་སྙན་ཞུ་བྱས་པའི་གནས་ཚུལ་བསྡོམས་རྩིས་བྱས་པ་ལྟར་ན། 2017ལོའི་ཟླ12པའི་ཚེས31ཚུན་དུ་ཡུན་ནན་ཞིང་ཆེན་དུ་གནས་སྐོར་དང་འབྲེལ་བ་ཡོད་པའི་ཐོལ་བྱུང་གྱོད་དོན་བསྡོམས་པས266བྱུང་བ་དེ་དུས་མཚུངས་ལས91མར་ཆག་བྱུང་ཡོད་དེ། ལོ་ཧྲིལ་པོར་ཅུང་ཆེ་གྲས་དང་དེའི་ཡན་གྱི་གནས་སྐོར་དང་འབྲེལ་བ་ཡོད་པའི་ལས་འཛོལ་མ་བྱུང་ལ་དོན་རྐྱེན་བྱུང་བའི་གྲངས་དང་རྨས་སྐྱོན་ཕོག་པའི་མི་གྲངས་དུས་མཚུངས་ལས་ཉུང་དུ་ཕྱིན་ཡོད། 2018ལོའི་གནས་སྐོར་བདེ་འཇགས་ལྟ་སྐུལ་གྱི་ལས་དོན་ལ་དམིགས་ནས་མ་ཡིང་ཁྲུན་གྱིས་རིམ་པ་ཁག་གི་གནས་སྐོར་གཙོ་གཉེར་སྡེ་ཚན་གྱིས་གནས་སྐོར་བདེ་འཇགས་ལས་ཀའི་འགན་འཁྲི་འཁུར་སེམས་དང་མཁོ་གནད་ཆེ་བའི་འདུ་ཤེས་འཛིན་ཤུགས་ཇེ་ཆེར་བཏང་ནས། སྔོན་ཚུད་ཀྱི་ཉེན་བརྡ་དམ་འཛིན་དང་།  ལས་འཛོལ་སྔོན་འགོག  བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར། འགན་འཁྲི་དོན་འཁྱོལ། འཕྲལ་བསྟུན་དོ་དམ། ཡུལ་སྐོར་སྡེབ་སྒྲིག་འགན་བཅོལ། དེ་བཞིན་ལས་འཛོལ་ཐག་གཅོད་དང་འགན་འཁྲི་བདའ་འདེད་བཅས་ཕྱོགས་བདུན་གྱི་གནས་སྐོར་བདེ་འཇགས་ལས་དོན་ལེགས་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།

ཡུན་ནན་ཞིང་ཆེན་གྱི་རིམ་པ་ཁག་གི་གནས་སྐོར་སྲིད་འཛིན་སྡེ་ཁག་གིས་ས་གནས་དེ་གའི་བདེ་འཇགས་ལྟ་སྐུལ་དང་། འགྲིམ་འགྲུལ།  འགྲིམ་འགྲུལ་ཉེན་རྟོག་པ།  མེ་འགོག་མེ་གསོད།  འཕྲོད་བསྟེན།  ནགས་ལས། སྤུས་ཚད་ལྟ་སྐུལ་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བདེ་འཇགས་ཁྲིམས་བསྟར་ཞིབ་བཤེར་བྱེད་ཚད་དང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱོན་ཡོངས་ནས་གྲལ་བཤེར་དང་ལས་འཛོལ་རྐྱེན་ངན་འབྱུང་གཞི་གཙང་སེལ་བྱས་པ་དང་། གནས་སྐོར་ལས་དོན་ཁང་ལ་གནས་སྐོར་བའི་བདེ་འཇགས་སྲུང་སྐྱོང་ལམ་ལུགས་དང་འཕྲལ་སྒྲུབ་ཇུས་གཞི་བཟོ་བར་སྐུལ་འདེད།  གནས་སྐོར་བར་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལས་སྒྲུབ་མི་སྣ་ལ་དུས་རྒྱུན་རང་བཞིན་གྱི་བབ་བསྟུན་མྱུར་སྐྱོབ་རྩལ་ནུས་གསོ་སྦྱོང་བྱེད་པར་སྐུལ་འདེད་བཏང་།   འཕྲལ་སྡོམ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་བཀོལ་སྤྱོད་ཆོག་འཐུས་རང་བཞིན་མཐོ་རུ་གཏོང་ཆེད། ས་གནས་ཁག་གིས་འཕྲལ་སྡོམ་སྔོན་ཇུས་བཟོ་འགོད་ཀྱི་བཀོལ་སྤྱོད་ལག་དེབ་བཟོས་ནས་འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དེ་དང་དུས་མཚུངས་སུ་ཡུན་ནན་གྱི་གནས་སྐོར་སྡེབ་སྒྲིག་འགན་བཅོལ་རྣམ་གྲངས་འཁོར་སྐྱོད་བྱེད་སྟངས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་རྣམ་པ་དང་ཞབས་ཞུའི་ནང་དོན་དང་དོན་ཚན་ལེགས་སུ་བཏང་ནས་གནས་སྐོར་ཁེ་ལས་ལ་སྔར་ལས་ལེགས་པའི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།