ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་ཏུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1499914232829492.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས11ཉིན། ཉིན་ཤས་རིང་བསྟུད་མར་ཆར་པ་བབས་རྗེས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་གི་མཛེས་ལྗོངས་ཁུལ་གྱི་རླབས་རྒྱུན་ཆེན་པོའི་དུས་སུ་སླེབས་པ་དང་། ངར་སྐད་སྒྲོག་པའི་འབྲི་ཆུ་ནི་ལང་ལོང་རྒྱུ་བའི་ཀླུ་མོ་ཞིག་དང་འདྲ་བར་གངས་རིའི་ཁྲོད་དུ་དྲག་ཏུ་རྒྱུག་པས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་བློ་ཡིད་ཚིམ་པོར་བྱས་ཡོད།

1499914233335895.jpg

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟའི་སྟག་མཆོང་གྲོག་རོང་ནི་མཛེས་ལྗོངས་ལ་ལྟ་བར་ཆེས་ལེགས་པའི་དུས་སུ་སླེབས་ཡོད་པ་དང་། གྲོག་རོང་གི་ཆུ་རྒྱུན་དྲག་པོ་འབབ་པའི་བརྗིད་ཆགས་ཉམས་འགྱུར་གྱི་རྣམ་པ་དེ་ཟླ་དགུ་པའི་བར་རྒྱུན་མཐུད་བྱ་རྒྱུ་རེད། །

1499914233520794.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།