ཀྲུང་གོ་བོད་ཀྱི་དྲ་བ།

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ཐོན་ཁུངས་སྲུང་སྐྱོང་གི་ཞིབ་འཇུག་རྣམ་གྲངས་བདེ་བླག་ངང་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་འབྲེལ་ཡོད་ཞིབ་འཇུག་རུ་ཁག་སྟེ་སེམས་ཀྱི་ཉི་ཟླ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་བས་མཐའ་མཚོའི་མཚོ་ཁུལ་གྱི་ཡུལ་སྐོར་གསར་སྤེལ་འཛུགས་སྐྲུན་གྱི་སྐྱེ་ཁམས་ཤུགས་རྐྱེན་དང་ཐོན་ཁུངས་སྲུང་སྐྱོང་ཞིབ་འཇུག་བརྟག་དཔྱད་ཚོ་ཆུང་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཡུལ་དངོས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཕེབས་པ་རེད།

བརྟག་དཔྱད་ཚོ་ཆུང་གི་ཞིབ་འཇུག་པས་ངོ་སྤྲོད་བྱས་པ་ལྟར་ན། སྐམ་ཆུ་གཉིས་འཚོའི་གོག་འགྲོ་རིགས་ནི་ཁོར་ཡུག་གི་ཚོར་སྐྱོན་ཆེ་བའི་སྲོག་ཆགས་ཀྱི་རིགས་ཡིན་པས། བརླན་སའི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་སླ་བ་རེད། བརླན་སའི་རྒྱ་ཁྱོན་ཇེ་ཆུང་དུ་སོང་བ་དང་། གཞུང་ལམ་སོགས་སྐྲུན་ནས་འཚོ་གནས་བྱ་ཡུལ་མེད་པར་བཏང་བ་སོགས་བྱས་ན་སྲོག་ཆགས་འདི་རིགས་ཇེ་ཉུང་དང་རྩ་མེད་དུ་བཏང་ཉེན་ཆེ། དེ་བས་རྣམ་གྲངས་འདི་གཙོ་བོ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་བས་མཐའ་མཚོའི་མཚོ་ཁུལ་གྱི་ཡུལ་སྐོར་འཛུགས་སྐྲུན་དང་བྱ་འགུལ་གྱིས་སྐྱེ་ཁམས་དང་སྐྱེ་དངོས་ཐོན་ཁུངས་ཀྱི་ཤུགས་རྐྱེན་དང་སྲུང་སྐྱོབ་དོ་དམ་གྱི་དངོས་ཡོད་གནད་དོན་ལ་དམིགས་པ་དང་། ཤུགས་རྐྱེན་ཐེབས་ཤུགས་ཆེས་ཆེ་བའི་སྐམ་ཆུ་གཉིས་འཚོའི་གོག་འགྲོའི་རིགས་གཙོ་བྱས་ནས་བརྟག་དཔྱད་དང་ཞིབ་འཇུག དཔྱད་དཔག་བཅས་བྱེད་རྒྱུ་ཡིན་པ་མ་ཟད།  དུས་མཚུངས་སུ་ས་ཁོངས་ནང་ཁུལ་གྱི་གལ་ཆེའི་འདབ་ཆགས་རིགས་དང་འོ་འཐུང་རིགས། ཉ་རིགས་བཅས་དཔྱད་དཔག་བྱ་ཡུལ་བྱས་ནས།བས་མཐའ་མཚོའི་སྐྱེ་དངོས་རིགས་ལ་རྒྱུན་མཐུད་རང་བཞིན་གྱི་ལྟ་སྐུལ་ཚད་ལེན་གྱི་ཞིབ་འཇུག་དང་བརྟག་དཔྱད་བྱས་པ་བརྒྱུད་ནས། བས་མཐའ་མཚོའི་མཚོ་ཁུལ་གྱིས་ཅི་ལྟར་འོས་འཚམས་ཀྱིས་གསར་སྤེལ་དང་རང་བྱུང་ཐོན་ཁུངས་ལ་ནུས་ལྡན་གྱི་སྲུང་སྐྱོང་བྱེད་པར་གཏིང་ཟབ་ཀྱིས་ཞིབ་འཇུག་དང་དཔྱད་བསྡུར་བྱེད་རྒྱུ་རེད།

རྣམ་གྲངས་འདི་སྤེལ་བར་བརྒྱུད་ནས། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་ནུས་ལྡན་གྱི་བེད་སྤྱོད་བྱེད་ཐབས་སྔོག་འདོན་བྱས་ནས། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་འདི་ཉིད་ཐོན་ཁུངས་སྲུང་སྐྱོང་དོ་དམ་དང་། སྤྱི་དམངས་སློབ་གསོ་དང་སྡེ་ཁུལ་འཕེལ་རྒྱས་ཀྱི་དཔེ་སྟོན་ཚོད་ལྟ་ཁུལ་དུ་སྐུལ་འདེད་བྱས་ནས། དོན་དངོས་ཀྱིས་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་གྱི་ཚོད་ལྟའི་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱུང་བར་བརྩོན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།