ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་མུ་མཐུད་དུ་དམངས་འཚོའི་ལས་དོན་གཙོ་བོའི་གྲས་སུ་བཅུག་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མི་དམངས་མང་ཚོགས་ཀྱི“བདེ་སྡོད་ཕུགས་འདུན”མངོན་འགྱུར་ཡོང་བར་བྱས། 

གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་གནད་དོན་ཐག་གཅོད་བྱེད་པ་དམིགས་འབེན་དུ་བཟུང་སྟེ་ཁྱོན་ཡོངས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་ཀྱི་ལས་འགན་ལག་བསྟར་དོན་འཁྱོལ་བྱས།  2018ལོར་སྡོད་ཁང་གནས་སྤོའི་དུད་ཚང270ལེགས་གྲུབ་ཟིན་པ་དང་རྒྱ་སྐྱེད་བསྐྱར་སྐྲུན་རྣམ་གྲངས14ཡི་དུད་ཚང1649ཡོད་པ་རེད། 2015ལོར་རྩིས་ཁུངས་སྤོ་བའི་བོགས་གཏོང་གཞུང་ཁང་གི་རྣམ་གྲངས2མུ་མཐུད་བསྐྲུན་པ་དང་བསྡོམས་པས་ཁང་བ330ཡོད་པ་རེད། ལོ་དུ་མར་རྩིས་ཁུངས་སྤོས་པའི་གླ་ཁེའི་ཁང་བའི་རྣམ་གྲངས་མའེ་སེན་ཅ་ཡོན་གྱི་གླ་ཁེའི་ཁང་བ་ལི་ཨན་སྡོད་ཁུལ་གྱི་ཁང་བ436འཛུགས་སྐྲུན་བྱས་པ་རེད། 《གཙོས་གྲོང་ཁྱེར་གྱིས་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྡོད་ཁང་འགན་སྲུང་ལག་བསྟར་བྱ་ཐབས》བཏོན་ཏེ་ཁུལ་དང་གྲོང་ཁྱེར་གྱིས་ནང་འདྲེན་བྱས་པའི་དགོས་མཁོ་ཆེ་བའི་མཐོ་རིམ་ཆེད་མཁས་པ་དང་། འབུམ་རམས་པའི་ཞིབ་འཇུག་སློབ་མ། “211ལས་གཞི”སློབ་གྲྭ་ཆེན་མོའི་ཉིན་གང་ལམ་ལུགས་ཀྱི་སློབ་གསོ་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ་དང་དེ་ཡན་གྱི་བསླབ་གནས་ལྡན་པའི་སློབ་ཐོན་སློབ་མ་བཅས་སྡོད་ཁང་འགན་སྲུང་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད། ཡོང་འབབ་དམའ་བའི་སྡོད་ཁང་དཀའ་ངལ་ཡོད་པའི་དུད་ཚང224ཡི་བོགས་གཏོང་སྒྲིག་ཚོང་ལས་དོན་ལེགས་གྲུབ་བྱུང་ནས་བསྡོམས་པས་བོགས་གཏོང་ཁ་གསབ་རོགས་དངུལ་སྒོར་ཁྲི65.63འགྲེམས་གཏོང་བྱས་པ་རེད། 

སྡེ་ལས་ཞབས་ཞུའི་ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྡོད་ཁང་སྡེ་ཁུལ་ཁག་གི་ཁོར་ཡུག་བཅོས་སྒྲིག་དང་། ཆེད་དོན་བཅོས་སྒྲིག ཆ་འགྲིག་སྒྲིག་བཀོད་བཅོས་སྒྲིག་བཅས་མཉམ་དུ་ལག་བསྟར་བྱས་ཏེ་དཀའ་གནད་དང་རྒྱུན་དུ་བྱུང་བའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སྡེ་ལས་ཞབས་ཞུའི་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས་གཙོས་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྡེ་ལས་ཞབས་ཞུའི་ཁེ་ལས་དང་སྡེ་ལས་ཚབ་གཉེར་རྣམ་གྲངས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྒྲིག་བྱས་ཏེ་བཅོས་སྒྲིག་ལས་དོན་དོན་ཐོག་ཏུ་འཁྱོལ་བར་འགན་སྲུུང་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།