ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་ན་ནིང་སྒོར་དུང་ཕྱུར་བཅུ་གཅིག་བཏང་ནས་གྲོང་གསེབ་ཀྱི་ཉེན་ཁང་བསྒྱུར་བཀོད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་ཚོགས་པའི་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་བྱ་བའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདས་པའི་ལོ་གཅིག་གི་རིང་ལ། ཀན་སུའུ་ཞིང་ཆེན་གྱི་སྡོད་ཁང་འཛུགས་སྐྲུན་མ་ལག་གིས་དབུལ་ཐར་མཁྲེགས་གཏོར་གྱི་ལས་གཞི་དང་བོར་དམིགས་ནས། “གྲོང་གསེབ་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་སྡོད་ཁང་བདེ་འཇགས་འགན་ལེན”བྱེད་པའི་དམིགས་འབེན་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། བསྡོམས་པས་ཁྱིམ་ཚང་ཁྲི7.9ཡི་ཉེན་ཁང་བསྒྱུར་བཀོད་བྱས་ཤིང་། རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར11.23གཏོང་བར་གཤམ་བསྒྲགས་བྱས། ཀན་སུའུ་ཞིང་ཆེན་གྱི་དབུལ་ཕོངས་ཁྱིམ་ཚང95%བདེ་འཇགས་སྡོད་ཁང་དུ་འདུག་ཐུབ་སོང་། 

2018ལོར། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་བྱ་བའི་ཁྲོད་ཀྱི་འབུར་དུ་ཐོན་པའི་གནད་དོན་ལ་དམིགས་ནས། ས་གནས་སོ་སོ་ནས་གྲོང་གསེབ་ཀྱི་ཉེན་ཁང་བསྒྱུར་བཀོད་ཡོངས་སུ་ཁེབས་པར་འཐེན་བཤེར་གསལ་འབྱེད་བྱས་ཏེ། ཉེན་ཁང་གི་གཞི་གྲངས་མཐིལ་རྟོགས་བྱས་པ་མ་ཟད། དེའི་རྨང་གཞིའི་སྟེང་དུ། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་དབུལ་སྐྱོར་དང་དམངས་སྲིད། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ས་གནས་སོ་སོས་ཡར་ཞུ་བྱས་པའི“གཙོ་གནད་འཛིན་ཡུལ་བཞི”ཡི་ཆ་འཕྲིན་ཞིབ་བསྡུར་ངེས་གཏན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་ཁྲི10.59ཡི་ཉེན་ཁང་རྩིས་ཁྲ་བསྐྲུན་ནས། ཉེན་ཁང་བསྒྱུར་བཀོད་བྱ་ཡུལ་དེ་བས་གནད་ཐོག་ཏུ་ཁེལ་བར་ཁག་ཐེག་བྱས།

ན་ནིང་། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས“ཁུལ་གཉིས་དང་རྫོང་གཅིག”གི་ཁྱིམ་ཚང་ཁྲི1.48ཡི་ཉེན་ཁང་བསྒྱུར་བཀོད་ཀྱི་འཆར་གཞི་དང་། ཞིང་ཆེན་གྱིས་གཏན་འབེབས་བྱས་པས་ཚབས་ཆེའི་དབུལ་ཕོངས་རྫོང18ཀྱི་ཁྱིམ་ཚང་ཁྲི4.09ཡི་ཉེན་ཁང་བསྒྱུར་བཀོད་བྱེད་པའི་འཆར་གཞི་གཤམ་བསྒྲགས་བྱས། སྔར་ལས་ལྷག་པར་གསབ་དངུལ་གྱི་ཚད་གཞི་མཐོར་འདེགས་བཏང་ནས། “གཙོ་གནད་འཛིན་ཡུལ་བཞིའི”གསབ་དངུལ་གྱི་ཚད་གཞི2015ལོའི་ཁྱིམ་ཚང་རེའི་ཆ་སྙོམས་སྒོར་ཁྲི1.15ནས“ཁུལ་གཉིས་རྫོང་གཅིག”གི་ཁྱིམ་ཚང་རེའི་སྒོར་ཁྲི2.5དང་། ཞིང་ཆེན་རིམ་པའི་ཚབས་ཆེའི་དབུལ་ཕོངས་རྫོང་གི་ཁྱིམ་ཚང་རེའི་སྒོར་ཁྲི2.2 རྫོང་ཁུལ་གཞན་པའི་ཁྱིམ་ཚང་རེའི་སྒོར་ཁྲི2ལ་མཐོར་འདེགས་བཏང་། ཧེ་བག་ཅན་གྱི་གསབ་དངུལ་ལག་བསྟར་བྱས་པས། ཆེས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། མ་དངུལ་གྱི་ཕན་འབྲས་ཀྱང་དེ་བས་དམིགས་སར་ཁེལ་བར་ཁག་ཐེག་བྱས། ཞིང་ཆེན་སྡོད་ཁག་འཛུགས་སྐྲུན་ཐིང་གིས་ད་དུང་ཆེད་ལས་ལས་གཞིའི་ལག་རྩལ་མི་སྣ40མངགས་གཏོང་བྱས་ཏེ་ཚབས་ཆེའི་དབུལ་ཕོངས་རྫོང33དུ་ལས་འགན་འཁུར་བར་སོང་ནས། ཉེན་ཁང་བསྒྱུར་བཀོད་བྱ་བའི་འགན་གཙོ་ཁུར་ཞིང་། བྱ་བ་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱས།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།