ཀྲུང་གོ་བོད་ཀྱི་དྲ་བ།

ཐང་ཁྲེང་ཕེ་འཁོར་དང་བཅས་པ་ཀན་ལྷོ་ཁུལ་དུ་སོང་ནས་དམངས་སྲིད་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དམངས་སྲིད་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མིའམ་པུའུ་ཀྲང་གཞོན་པ་ཐང་ཁྲེང་ཕེ་འཁོར་དང་བཅས་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་དམངས་སྲིད་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྟོག་ཞིབ་བྱས།

ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཐིང་ཀྲང་ཝང་ཧྲི་ཧྭ་དང་། ཞིང་ཆེན་དམངས་སྲིད་ཐིང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཐིང་ཀྲང་གཞོན། སྤྱི་ཚོགས་རོགས་སྐྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཅན། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།

ཐང་ཁྲེང་ཕེ་འཁོར་དང་བཅས་པ་གཙོས་གྲོང་ཁྱེར་ཤམ་བྷ་ལའི་བརྗོད་དོན་རིག་གནས་ཐང་ཆེན་དུ་སོང་ནས་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་དང་དོ་དམ་འགྲེམ་པང་ལ་བལྟས་པ་དང་། གཙོས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བས་གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་དང་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་སྒྲིག་བཅོས་བྱ་བ་སྤེལ་བའི་གནས་ཚུལ་ཞུས་པར་ཉན། དེའི་རྗེས་སུ་སྣ་བུག་གྲོང་རྡལ་ཤོ་མང་རང་བྱུང་སྡེ་བའི་སྲིབ་སྡེའི་དབུལ་ཕོངས་ཁྱིམ་ཚང་མཁར་མོ་དང་པདྨ་སྐྱིད་ཀྱི་ཁྱིམ་དུ་སོང་ནས་མང་ཚོགས་དང་མཉམ་དུ་དབུལ་ཕོངས་ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བ་དང་མ་མཐའི་འཚོ་རྟེན་འགན་སྲུང་གི་སྲིད་ཇུས་མྱོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་མ་དངུལ་བྱིན།

རྟོག་ཞིབ་བྱེད་པར་ཐང་ཁྲེང་ཕེ་ཡིས་ཀན་ལྷོ་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་སྒྲིག་བཅོས་དང་དམངས་སྲིད། དབུལ་སྐྱོར་མཁྲེགས་གཏོར་བྱ་བར་འབད་པ་བྱས་པ་དང་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། ཁོས་ཀན་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པའི”བསམ་བློ་ལག་ལེན་དོན་འཁྱོལ་བྱས་ནས“འབྱོར་འབྲིང་ལམ་དུ་གཅིག་ཀྱང་རྗེས་སུ་ལུས་མི་རུང་བ”ཁག་ཐེག་བྱེད་པ། དམངས་སྲིད་སྡེ་ཁག་གིས་སྤྱི་ཚོགས་འགན་ལེན་བྱ་བ་དེ་གཙིགས་སུ་འཛིན་པ་དང་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་པ་ཁག་ཐེག་བྱེད་པ། སྤྱི་ཚོགས་ཀྱི་རོགས་སྐྱོར་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ཁག་ཐེག་བྱ་དགོས་ལ། སྤྱི་ཚོགས་རོགས་སྐྱོར་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་གཉིས་ཟུང་འབྲེལ་བྱས་ནས། སྤྱི་ཚོགས་རོགས་སྐྱོར་གྱིས་དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་ནུས་པ་གལ་ཆེན་བཏོན་ཏེ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཕྱོགས་བསྡུས་མཉམ་ཤུགས་བཏོན་ནས་ཕྱོགས་ཡོངས་ནས་དབུལ་ཐར་དམིགས་འབེན་དུས་ལྟར་མངོན་འགྱུར་འབྱུང་བ་དང་། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་གྲུབ་འབྲས་ཞིག་སྟོན་དགོས་ཞེས་བསྟན།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།