ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་དྲན་གསོ་བྱེད་པའི་པར་རིས་བརྩམས་ཆོས་ཀྱི་འགྲེམ་སྟོན་སྤེལ་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཁུལ་པར་ལེན་མཐུན་ཚོགས་དང་ཁུལ་རིག་གནས་ཁང་གིས་སྒྲུབ་འགན་ཁུར་བའི་ཀན་ལྷོ་ཁུལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་དྲན་གསོ་བྱེད་པའི་པར་རིས་བརྩམས་ཆོས་ཀྱི་འགྲེམ་སྟོན་གཙོས་སུ་སྤེལ།

ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། ཧོ་མོའུ་པའོ། དབྱང་སྒྲོལ་མ། ཞི་ཆང་། དབྱང་ཅུན། ལིའུ་ཧྥེང་། ཧྲི་ཀྲན་ལིའང་སོགས་ཁུལ་གྱི་འགོ་ཁྲིད་པས་འགྲེམ་སྟོན་ལ་བལྟས།

ཐེངས་འདིའི་འགྲེམ་སྟོན་བརྩམས་ཆོས་ཟླ10བའི་ཚེས15ཉིན་ནས་བསྡུ་འགོ་བརྩམས་ཏེ། བསྡོམས་པས་ཁུལ་ཕྱི་ནང་གི་པར་ལེན་པ83གྱི་བརྩམས་ཆོས1580བསྡུས་ཤིང་། འགྲན་བསྡུར་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་ཞིབ་མོའི་བློ་ཡིས་ཞིབ་དཔྱད་བྱས་པ་བརྒྱུད་དེ་བརྩམས་ཆོས132འགྲེམ་སྟོན་བྱས། པར་རིས་བརྩམས་ཆོས་འདི་དག་གིས་ལོ་ངོ40ཡི་རིང་ངམ་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཀན་ལྷོ་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཐད་དུ་བླངས་པའི་འབྲས་བུ་ཆེན་པོ་དང་། བཟོ་ལས་དང་ཞིང་ཕྱུགས་ལས། གྲོང་ཁྱེར་འཛུགས་སྐྲུན། ཞིང་སྡེ་གསར་བའི་འཛུགས་སྐྲུན་ཐད་བྱུང་བའི་འགྱུར་ལྡོག་ཆེན་པོ་བཅས་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་པ་མ་ཟད། པར་རིས་སྒྱུ་རྩལ་གྱི་འགྲེམ་སྟོན་བརྒྱུད་དེ་རང་ཁུལ་གྱི་མཛེས་ཤིང་སྡུག་པའི་རང་བྱུང་མཛེས་ལྗོངས་དང་ཁྱད་ཆོས་ལྡན་པའི་དམངས་སྲོལ་གོམས་འདྲིས་མངོན་པར་མཚོན་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་ཀྱི་རླབས་ཆེན་གསར་གཏོད་དང་བསམ་པའི་ཉམས་འགྱུར་རྣམ་དག་གིས་ཟིན་ཐོར་བཀོད་ཅིང་། ཁུལ་ཡོངས་ཀྱི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་ཁོངས་ཡོངས་ཡུལ་སྐོར་དུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་བསྐྲུན་པ། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་རླབས་ཆེན་འཐབ་ལམ་ཁྲོད་མུ་མཐུད་དུ་འབད་བརྩོན་ལྷོད་མེད་ཀྱིས་བསམ་བློ་གཏོང་ཡུལ་གསར་བ་གཏོད་པ་དང་བྱས་རྗེས་གསར་བ་འཇོག་པ། སྔར་ལས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་བྱ་བ་སོ་སོ་བཟང་བོ་བསྒྲུབ་པར་སྐུལ་མ་ཐེབས་སྲིད། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།