ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ཐེངས་གཉིས་པའི་རྒྱལ་ཡོངས་སྦགས་བཙོག་འབྱུང་ཁུངས་ཁྱབ་བཤེར་བྱ་བར་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2018-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཀན་ལྷོ་ཁུལ་གྱི་ཐེངས་གཉིས་པའི་རྒྱལ་ཡོངས་སྦགས་བཙོག་འབྱུང་ཁུངས་ཁྱབ་བཤེར་གཙང་ཞིབ་བྱས་པ་དང་། ཁྱིམ་དུ་སོང་ནས་རྟོག་ཞིབ་བྱེད་པ། གཞི་གྲངས་ཕབ་འཇུག ཞིབ་བཤེར་གཏན་འབེབས་བྱས་ཏེ་ཡིག་ཚགས་སུ་འཇུག་པ་སོགས་ཀྱི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ། 

ནུས་ཤུགས་ལྡན་པའི་རྩ་འཛུགས་འགོ་ཁྲིད་དང་གཅིག་གྱུར་འཆར་འགོད་བྱས་ནས་བྱ་བ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ། ཁུལ་སྲིད་གཞུང་གིས་ཚད་མཐོན་པོའི་མཐོང་ཆེན་བྱེད་པ་དང་དུས་ལྟར་ཐེངས་གཉིས་པའི་རྒྱལ་ཡོངས་སྦགས་བཙོག་འབྱུང་ཁུངས་ཁྱབ་བཤེར་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་སྦགས་བཙོག་འབྱུང་ཁུངས་ཁྱབ་བཤེར་བྱ་བའི་གཞུང་སྒྲུབ་ཁང་གི་འགན་འཁྲི་དང་དུ་བླངས་ཤིང་། རྫོང་(གྲོང་ཁྱེར)སོ་སོར་ཁྱབ་བཤེར་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་བཙུགས་ཏེ། ཁུལ་ཡོངས་སུ་ཁྱབ་བཤེར་བྱ་བར་ཞུགས་མཁན་བསྡོམས་པས་མི304ཡོད་ལ་ལས་ཁུངས་དོན་འཁྱོལ་དང་མི་སྣ་དོན་འཁྱོལ། འགན་འཁྲི་དོན་འཁྱོལ་བཅས་བྱས།

འདང་ངེས་པའི་འགྲོ་གྲོན་བཏང་ནས་ནུས་ཤུགས་ཡོད་རྒུས་ནུས་མཐོ་འཁོར་སྐྱོད་ཁག་ཐེག་བྱས་པ། ཁུལ་རིམ་པའི་ནོར་སྲིད་ཀྱིས་ཁྱབ་བཤེར་འགྲོ་གྲོན་སྒོར་ཁྲི246དོན་འཁྱོལ་བྱས་པ་དང་རྫོང་སོ་སོ་དང་གྲོང་ཁྱེར་ནོར་སྲིད་རིམ་རྩིས་བྱས་ན་ཁྱབ་བཤེར་འགྲོ་གྲོན་སྒོར་ཁྲི492དོན་འཁྱོལ་བྱས་ཏེ། ཁྱབ་བཤེར་བྱ་བའི་མཁྲེགས་ཆས་འཛུགས་སྐྲུན་དང་བྱ་བའི་ཉིན་རྒྱུན་གྱི་འགྲོ་སོང་དུ་བཀོལ་ལ། ཁུལ་ཡོངས་ཀྱི་སྦགས་བཙོག་འབྱུང་ཁུངས་ཁྱབ་བཤེར་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།  

ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནས་མི་སྣ་བདམས་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྦགས་བཙོག་འབྱུང་ཁུངས་ཁྱབ་བཤེར་སྦྱོང་བརྡར་ཐེངས10ལ་ཞུགས་པ་དང་། ཁུལ་གྱིས་སྦགས་བཙོག་འབྱུང་ཁུངས་ཁྱབ་བཤེར་བྱེད་པའི་འགོ་ཚུགས་པ་དང་ཕྱོགས་ཡོངས་ནས་ཁྱིམ་དུ་སོང་ནས་ཁྱབ་བཤེར་བྱེད་པར་སྦྱོང་བརྡར་ཐེངས2བསྒྲུབས་པ་དང་མི་ཐེངས50ལྷག་ཞུགས།  

གཞི་གྲངས་ཆ་འཕྲིན་འཚོལ་བསྡུ་དང་ཕྱོགས་སྡོམ་བྱས་ནས་ཁུལ་ཡོངས་ཀྱི་གཙང་བཤེར་མིང་ཐོའི་མཛོད་བཙུགས་ཤིང་མ་དེབ5757གཙང་བཤེར་བྱས། དེའི་ཁྲོད་དུ་བཟོ་ལས་ཁེ་ལས3762དང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་པའི་སྐོར1897ཕྱོགས་བསྡུས་རྣམ་པའི་བཅོས་སྐྱོང་སྒྲིག་ཆས98། འཚོ་བའི་ཚ་ཐབ145། ཆུ་བོའི་སྙིགས་དོར་ཁུངས་བུ61བཅས་ཁུལ་ཡོངས་ཀྱི་སྦགས་བཙོག་འབྱུང་ཁུངས་སུ་ཁྱབ་ཡོད།  །    

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།