ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གིས་མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་བརྟག་ཞིབ་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་བར་འབྲེལ་ནས། མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཁག་ཅིག་ཞིབ་བཤེར་ནན་མོ་བྱས་ཤིང་། བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱས།

རྨ་ཆུ་རྫོང་གིས་དུས་ཐོག་ཏུ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་བྱ་བར་ཞིབ་བཤེར་ནན་མོ་བྱས་ནས། མང་ཚོགས་ལ་བསམ་འཆར་ཆེ་བའི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་དག་ཐེར་ལེགས་བཅོས་ནན་མོ་བྱས། ཟླ9བའི་ཟླ་མཇུག་ཐུག་བར་དུ། ཤང་གྲོང9ཡི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གྱོད་དོན་ཐོ་འགོད་ཞིབ་བཤེར1རེ་བྱས། རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་སྒྲིག་བཅོས་བྱེད་པའི་གཙོ་ཐིག་ལ་བརྟེན་ནས། རྒྱུན་ཆད་མེད་པར་དམངས་སྲིད་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་དག་ཐེར་ཡོ་བསྲང་དང་། ཁོར་ཡུག་གཙང་སྦྲའི་བཅོས་སྒྲིག་དང་། སྡེ་བར་བཅའ་སྡོད་བྱ་བྱེད་རུ་ཁག་དང་སློབ་བཤོལ་ཚོད་འཛིན། བྱ་བའི་སྒྲིག་ཁྲིམས་སོགས་ལ་ལྟ་སྐུལ་ཞིབ་བཤེར་ཐེངས15བྱས་ནས་གནད་དོན50ལྷག་ཙམ་རྙེད།

དུས་མཚུངས་སུ། རྫོང་དེས“ལྟ་ཞིབ་གཅིག་དང་ཡོངས་བསྒྲགས་གཅིག”གི་བྱ་བ་སྒྲུབ་སྟངས་བཙུགས་ནས། ལྟ་སྐུལ་དང་ཞིབ་བཤེར་ཁྲོད་ཀྱི་གནད་དོན་ཡོངས་རྫོགས་ལ་འཕྲལ་དུ་བརྡ་ཁྱབ་བཏང་ནས། གནད་དོན་ཆེན་པོར ལྟ་ཞིབ་སྐོར་གྱི་གྲོས་འགོའི་ཡི་གེབཏང་ནས། འབྲེལ་ཡོད་གྲོང་རྡལ་དང་སྡེ་ཁག་གིས་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་བཅུག་པ་མ་ཟད། སྒྲིག་འགལ་ངང་མ་མཐའི་འཚོ་རྟེན་འགན་སྲུང་ལོངས་སྤྱོད་བྱེད་པའི་གནད་དོན་གཙང་བཤེར་དང་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་རྫོང་ཡོངས་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་བར་ཁྱོན་ཡོངས་ནས་མཐིལ་རྟོགས་ཞིབ་བཤེར་བྱས། སྒྲིག་འགལ་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ལོངས་སྤྱོད་བྱེད་པའི་མ་དངུལ་སྒོར་ཁྲི111.54ཚང་མ་རྫོང་ནོར་སྲིད་ཀྱིས་གཞུང་བཞེས་བཏང་ནས་རྒྱལ་མཛོད་དུ་བཅུག  ཤང་གྲོང6གི་ཏང་ཡོན་ལས་བྱེད་པ25ལ་དྲན་སྐུལ་ཁ་བརྡ་བྱས།

བསྡོམས་རྩིས་བྱས་པར་གཞིགས་ན། ཟླ9བའི་ཟླ་མཇུག་ཐུག་བར་དུ། རྨ་ཆུ་རྫོང་གི་རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན13ལ་ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི17ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད། མི2ལ་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱས་པ་དང་མི25ལ་དྲན་སྐུལ་ཁ་བརྡ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།