ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་སྒྲིག་ཨུའི་ཞིབ་བཤེར་ཨུས་རྫོང་དང་གྲོང་ཁྱེར་སོ་སོའི་སྒྲིག་ཨུའི་ཧྲུའུ་ཅི་ལ་ཁ་ཆད་གླེང་མོལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་དབུལ་སྐྱོར་མངའ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་སྒྲིག་བཅོས་ཟབ་སྤེལ་བྱ་བར་སྐུལ་སྤེལ་གཏོང་བའི་ཚོགས་འདུ་མཇུག་སྒྲིལ་རྗེས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧའོ་ཅུའེ་རྨིན་གྱིས་རྫོང་དང་གྲོང་ཁྱེར་སོ་སོའི་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་བསྡུ་རུབ་བྱས་ནས། རེ་རེ་བཞིན་ཁེར་རྐྱང་དུ་བྱ་བའི་གླེང་མོལ་བྱས་པ་དང་། དུས་རིམ་རྗེས་མའི་བྱ་བ་སོ་སོའི་འགན་འཁྲིའི་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་།    

ཁ་ཆད་གླེང་མོལ་གྱིས་རྫོང་དང་གྲོང་ཁྱེར་སོ་སོའི་སྒྲིག་ཨུའི་ལྟ་ཞིབ་ཨུས་ཕྱོགས་བཞི་ཡི་ཐད་ནས་སྒྲིག་བཅོས་བྱེད་པ་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན། གཅིག་ཏུ་བསམ་བློའི་སྟེང་ནས་ངོས་ཟིན་མཐོར་འདེགས་སུ་བཏང་ནས་ཁ་ཆད་གླེང་མོལ་སྐབས་བཏོན་པའི་གནད་དོན་དང་མི་འདང་ས་དབྱེ་ཞིབ་ནན་མོ་བྱས་ནས་གནོན་ཤུགས་ཚང་མ་ཤང་གྲོང་སྒྲིག་ཨུ་ནས་སེམས་ཤུགས་གཅིག་སྒྲིལ་དང་གོང་འོག་མཐུད་འབྲེལ་སྒོས་ནུས་ལྡན་གྱི་བྱ་བའི་བྱེད་ཐབས་སྤྱད་དེ་བྱ་བ་སོ་སོ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། གཉིས་སུ། འགུལ་སྐྱོད་ཀྱི་སྟེང་ནས་དོན་འཁྱོལ་དམ་འཛིན་དང་ཁུལ་སྒྲིག་ཨུའི་ལོ་འགོར་བཏོན་པའི་བྱ་བའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་བར་ཁྱད་འཚོལ་བ་དང་རྒྱུ་མཚན་དབྱེ་ཞིབ་བྱས་ནས་ནུས་ལྡན་གྱི་བྱ་བའི་བྱེད་ཐབས་སྤྱད་དེ་ལོ་འགོར་བཏོན་པའི་བྱ་བའི་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་དགོས། གསུམ་དུ་ནན་ཏན་སྒོས་ཆེད་དོན་སྒྲིག་བཅོས་སྤེལ་ནས་སྔར་ལས་ལྷག་པར་དུ་དབུལ་སྐྱོར་མངའ་ཁོངས་ཀྱི་ལྟ་སྐུལ་ལ་ཁྲིམས་ལྟར་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས་གནད་དོན་རྙོག་འཛིང་ཡིན་པ་དང་ཁྱབ་རྒྱ་ཆེ་བ། མང་ཚོགས་ཀྱི་ཚུར་སྣང་བྱེད་པ་ཚ་དྲག་ཡིན་པའི་གནད་དོན་གཅིག་བསྡུས་སྒོས་ཞིབ་བཤེར་དང་ལྷག་པར་དུ་ཤང་གྲོང་སྒྲིག་ཨུའི་དབུལ་སྐྱོར་མངའ་ཁོངས་ཀྱི་ཆེད་དོན་སྒྲིག་བཅོས་ཐད་ཀྱི“སོ་བ”ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་སྒྲིག་བཅོས་བྱ་དགོས། བཞི་རུ་གྱོད་དོན་སྒྲུབ་པའི་སྤུས་ཀ་ཇེ་མཐོར་བཏང་ནས། བྱ་བ་སོ་སོ་ཚད་མཐོ་བའི་སྒོ་ནས་སྒྲུབ་པར་འགན་ལེན་བྱས་ཏེ་སྒྲིག་ཨུའི་ཞིབ་བཤེར་བྱ་བ་ཚད་མཐོ་བའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།   

 ཁ་ཆད་གླེང་མོལ་བྱེད་སྐབས། རྫོང་དང་གྲོང་ཁྱེར་སོ་སོའི་སྒྲིག་ཨུའི་ཧྲུའུ་ཅི་ཡིས་གླེང་མོལ་སྐབས་བཏོན་པའི་གནད་དོན་ལ་ནན་ཏན་སྒོས་རང་བཤེར་བྱས་ཤིང་། མི་སྒེར་ལས་ལས་ཁུངས་ཀྱི་བསམ་བློའི་ངོས་ཟིན་དང་བྱ་བ་དོན་འཁྱོལ་ཐད་གནས་པའི་གནད་དོན་དབྱེ་ཞིབ་བྱས་ཤིང་གོམ་སྟབས་རྗེས་མའི་བྱ་བའི་ཁྲོད་བསམ་བློའི་ངོས་ཟིན་མཐོར་འདེགས་དང་བྱ་བའི་བྱེད་ཐབས་ལེགས་བསྒྱུར་བྱས་ནས་དུས་ཐོག་ཏུ་གནད་དོན་སྒྲིག་བཅོས་དང་ཧུར་བརྩོན་སྒོས་བྱ་བ་སོ་སོ་དེ་བས་བཟང་བའི་གྲུབ་འབྲས་དང་དེ་བས་མང་བའི་ཚད་བརྒལ་ལ་བརྩོན་ལེན་བྱ་རྒྱུའི་དམ་བཅའ་བཞག།                                                                 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།