ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྟོན་དུས་ཆེན་གྱི་རྫོགས་ལྡན་གཟའ་འཁོར་སྐབས་སུ་ཐེ་བོ་རྫོང་གིས་ཡུལ་སྐོར་བ་འབུམ་གཅིག་སྣེ་ལེན་བྱས་པ།

ཡོང་ཁུངས། : ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྩོམ་པ་པོ། : བདེ་སྐྱིད་འཚོ།   སྤེལ་དུས། : 2018-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་གཅིག་ནས་ཚེས་བདུན་ཉིན་བར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས་རིམ་བསགས་ཀྱིས་ཡུལ་སྐོར་བ་མི་འབུམ་གཅིག་ལྷག་སྣེ་ལེན་བྱས་པ་དང་། ད་ནིང་ལོ་དང་བསྡུར་ན་དུས་མཉམ་ལས་བརྒྱ་ཆའི་སོ་ལྔ་འཕར་བ་དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་སྒོ་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་ལྔ་འབུམ་དྲུག་ཁྲི་གཉིས་ལྷག་མངོན་འགྱུར་བྱུང་བར་ན་ནིང་ལོ་དང་བསྡུར་ན་དུས་མཉམ་ལས་བརྒྱ་ཆའི་ཞེ་བརྒྱད་འཕར་ཡོད། དེའི་ནང་དུ་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བ་མི་ཁྲི་ལྔ་དང་ཞིང་ཆེན་ཕྱིའི་ཡུལ་སྐོར་བ་མི་ཁྲི་ལྔ་དང་སྟོང་བརྒྱད་ལྷག་སྣེ་ལེན་བྱས། ཞིང་ཆེན་ཕྱིའི་ཡུལ་སྐོར་བ་གཙོ་བོ་ནི་ཧྲན་ཞི་དང་སི་ཁྲོན། པེ་ཅིང་། ཁྲུང་ཆིན། ཧྲང་ཧའེ་སོགས་ས་ཆ་ནས་ཡོང་བ་དང་། ཞིང་ཆེན་ནང་ཁུལ་གྱི་འགྲུལ་བ་གཙོ་བོ་ནི་ཀན་ལྷོ་དང་ལན་ཀྲོའུ། ལུང་ནན། ཏིན་ཞི། ཐེན་ཧྲོས་སོགས་ས་ཆ་ནས་ཡོང་ཡོད། བྲག་སྒམ་ནང་མཛེས་ལྗོངས་ཁུལ་གྱིས་སྣེ་ལེན་བྱས་པའི་ཡུལ་སྐོར་བ་སྤྱིའི་མི་གྲངས་ཁྲི་ལྔ་དང་སྟོང་བཞི་ལྷག་ཟིན།

 ཐེ་བོ་རྫོང་གི་ཡུལ་སྐོར་ཐོན་ཁུངས་ཀྱིས་གསར་བརྗེ་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར། ཞང་སྡེའི་ཡུལ་སྐོར་བཅས་གཙོ་གནད་དུ་བཟུང་ནས་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་དུས་སྐབས་སུ་ཐེ་བོར་ཡོང་བའི་ཡུལ་སྐོར་བས་རང་གིས་རླངས་འཁོར་བསྐོར་བ་གཙོ་བྱས་ཤིང་། ཚོགས་ཁག་ཡུལ་སྐོར་ཡང་སྔར་ལས་ཇེ་མང་དུ་སོང་བའི་གནས་ཚུལ་ཕྱིར་མངོན་ལ་མཛེས་ལྗོངས་ཁུལ་སོ་སོའི་སྒྲིག་ལམ་ཧ་ཅང་གྲལ་དག་པོ་བྱུང་ཡོད།

རྫོགས་ལྡན་གཟའ་འཁོར་གྱི་སྐབས་སུ།རྫོང་ཡོངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་སོ་སོ།ལས་བྱེད་པ་དང་ཞང་གྲོང་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་གིས་ལྟ་སྐུལ་ཞིབ་བཤེར་ཇེ་དྲག་དང་ཁྲིམས་འཛིན་གཟབ་ནན།སྤྲོ་སེམས་འཁོལ་བའི་ཞབས་ཞུ་བཅས་བྱས་ནས། ཡུལ་སྐོར་བར་ཆག་སྒོ་དང་ཞུ་གཏུག་གནད་དོན་གཅིག་ཀྱང་མི་འབྱུང་བར་ཁག་ཐེག་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།