ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གིས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1538183695897115.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་རྫོང་དྲ་ཐོག་བདེ་འཇགས་རུ་ཆེན་དང་མཉམ་འབྲེལ་བྱས་ཏེ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ།  བྱེད་སྒོའི་ཁྲོད། མང་ཚོགས་ལ《དྲ་རྒྱའི་བདེ་འཇགས་ཀྱི་གཏམ་རྒྱུད》《དྲ་རྒྱའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》སོགས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་འགྲེམས་སྤེལ་བྱས་ནས་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་འགོག་སྲུང་ཤེས་བྱ་མཚམས་སྦྱོར་བྱས། 《དྲ་རྒྱའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ལ་མི་སྒེར་གྱི་གསང་དོན་ཕྱིར་གྱར་དང་། གློག་འཕྲིན་གྱི་ཁ་བསླུས་ལ་དོགས་ཟོན། ནག་ཚོགས་བཙན་འཛུལ་སྔོན་འགོག་སོགས་ཀྱི་ཐད་འགོག་ཟོན་ནུས་པ་ཇེ་མཐོར་གཏོང་བར་ཁྲིད་སྟོན་དང་སློབ་གསོ་བཏང་སྟེ་མང་ཚོགས་ཀྱི་བདེ་འཇགས་འགོག་སྲུང་འདུ་ཤེས་མཐོ་རུ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།