ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ཁང་གི་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་འབྲུག་ཆུ་རུ་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ཁང་གི་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་འཛུགས་པའི་ཚོགས་ཆེན་དང་སྐབས་གཉིས་པའི་མི་རིགས་ཁྲིམས་ལུགས་རིག་གནས་དང་ཁྲིམས་འཛིན་ལག་ལེན་ཞིབ་འཇུག་གྲོས་མོལ་ཚོགས་འདུ་འགོ་རྩོམ་པའི་མཛད་སྒོ་རྒྱལ་ཁབ་ཀྱི་ཁྲིམས་དཔོན་སློབ་གླིང་འབྲུག་ཆུའི་མི་རིགས་ཁྲིམས་དཔོན་གསོ་སྦྱོང་གཞི་ས་ནས་སྤེལ་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་འགོ་གཙོ་ཀྲོའུ་ཆང་ཚོགས་ཆེན་དུ་ཞུགས་ཤིང་གཏམ་བཤད།

ཀྲོའུ་ཆང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་གསུང་བཤད་གལ་ཆེན་ནན་ཏན་གྱིས་དོན་འཁྱོལ་ལག་བསྟར་བྱས་ནས། མི་རིགས་ཁྲིམས་ལུགས་རིག་གནས་དང་ཁྲིམས་འཛིན་ལག་བསྟར་ཞིབ་འཇུག་ཇེ་དྲག་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་ཁྲིམས་འཛིན་དྲང་བདེན་སྐུལ་སྤེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཇེ་དྲག་དང་མི་རིགས་ས་ཁུལ་དར་རྒྱས་དང་བརྟན་པོའི་ངང་འཕེལ་རྒྱས་གཏན་འཇགས་སྐུལ་འདེད་གཏོང་བར་ནུས་ལྡན་གྱི་ཁྲིམས་འཛུགས་ཞབས་ཞུ་དང་འགན་སྲུང་མཁོ་འདོན་བྱ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏའོ་ཡིས་ཞིབ་འཇུག་ཚོགས་འདུ་འགོ་རྩོམ་པའི་མཛད་སྒོ་ཐོག་ཤིས་ཚིག་ཕུལ་བ་དང་། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཞིབ་འཇུག་གྲོས་མོལ་ཚོགས་འདུ་ཚོགས་པ་དང་ཆེད་ལས་ཨུ་ཡོན་ལྷན་ཁང་བཙུགས་པར་རྟེན་འབྲེལ་ཞུས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་སྤུན་ཟླའི་ཞིང་ཆེན་དང་ལྗོངས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཞུས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་གཉེར་ལས་འགན་ཨུ་ཡོན་ནམ་ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧུའུ་ཡུན་ཐིན་གྱིས 《ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་བཙུགས་པའི་སྐོར་གྱི་ཐག་གཅོད》སྒྲོག་འདོན་བྱས་པ་དང་། ཀྲོའུ་ཆང་གིས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའང་རྨིན་ཡོན་ལ་བྱང་བུ་གནང་།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་མ་ཧྲི་ཀྲུང་གིས་བྱེད་སྒོའི་གཙོ་འགན་ཁུར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སུང་ཝའེ་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ། སི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཝང་ཧྲུའུ་ཅང་། ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་ཧོའུ་ཅན་ཅུན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་ཧྲ་ཝུན་ལིན། ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་ཀྲོའུ་ཡུས་སོགས་བྱེད་སྒོར་ཞུགས།

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲང་ཧའེ་པོ་དང་ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའང་རྨིན་ཡོན་གྱིས་གཏམ་བཤད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བ། ནང་སོག་དང་ཅི་ལིན། ཀོང་ཞི། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། མཚོ་སྔོན། ཞིན་ཅང་། ཉིང་ཞ་སོགས་ཞིང་ཆེན་དང་ལྗོངས་ཀྱི་ཁྲིམས་ཁང་དང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་དང་ཆེད་མཁས་པ། ཁྲིམས་དཔོན་སོགས་བྱེད་སྒོར་ཞུགས།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།