ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གི་ཁྱད་ལྡན་ཡུལ་མིའི་སྡོད་ཁང་གིས་ཤང་སྡེའི་ཡུལ་སྐོར་གོང་འཕེལ་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པ་འབྲུག་ཆུ་རྫོང་ཏ་ཁྲོན་གྲོང་རྡལ་ཐུའུ་ཆའོ་ཙི་སྡེ་བར་ཐོན་པ་ན། སྡེ་མིའི་ར་སྐོར་ནང་གི་བེད་མེད་དུ་ལུས་པའི་ཁང་མིག་དག་གཅིག་གྱུར་གྱིས་སྒྲིག་གསོའམ་རྒྱན་སྤྲས་བརྒྱབ་ནས་ཞིང་ཁྱིམ་ཁྱད་ཆོས་ཅན་གྱི་ཡུལ་མིའི་སྡོད་ཁང་དུ་སྤྲས་ནས། མིག་སྔར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་བསུ་བཞིན་ཡོད་ལ། སྡེ་དམངས་ཀྱིས་རང་ཉིད་ཀྱི་སྒོ་ཁ་ནས་ལས་གཏོད་དང་ཡོང་སྒོ་འཕར་བའི་ཐར་ལམ་མངོན་འགྱུར་བྱུང་།

ཡུལ་མིའི་ར་སྐོར་དུ་འཛུལ་མ་ཐག སྨྲ་མི་ཤེས་པའི་སྐྱིད་སྣང་དང་དུང་བ་ཞིག་ངང་གིས་སྐྱེས་ཡོང་། གསར་དུ་འཛུགས་སྐྲུན་བྱས་པའི་ཐུའུ་ཆའོ་སྡེ་བའི་མགྲོན་ཁང་དེའི་ཡུལ་སྐོར་བར་ཐུན་མིན་གྱིས་བདེ་སྣང་ཞིག་སྟེར་བ་ཕུད། ཤང་སྡེའི་གོང་འཕེལ་ལ་ནུས་པ་ཆེན་པོ་ཐོན་པ་མ་ཟད། ཤང་སྡེ་ཡུལ་སྐོར་སྣ་མང་ཅན་དུ་གོང་འཕེལ་ལ་སྐུལ་འདེད་ཆེན་པོ་ཐོབ།

རྒྱུན་ལོན་བྱུང་བ་ལྟར་ན། ཉེ་བའི་ལོར་འབྲུག་ཆུ་རྫོང་ཏ་ཁྲོན་གྲོང་རྡལ་གྱིས་ཧུར་བརྩོན་སྒོས་ཤང་སྡེའི་ཡུལ་སྐོར་རྣམ་གྲངས་གོང་འཕེལ་དུ་བཏང་ནས། ཞིང་སྡེའི“སྒྱུར་གསུམ”བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། སྡེ་དམངས་ཐུན་མོང་སྒོས་གོང་འཕེལ་ལ་སྣེ་ཁྲིད་བྱས། འབྲུག་ཆུ་རྫོང་ཀྲེན་དབྱང་སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་ཀུང་སིས་ཏ་ཁྲོན་གྲོང་རྡལ་ལ་མ་དངུལ་སྒོར་ཁྲི20བཏང་ནས་ཐུའུ་ཆའོ་ཙི་སྡེ་བར་དམངས་སྲོལ་དང་སྒྲིག་ཆས། ཚོང་དོན་ཚན་ལྡན་ཁང་མིག ཁང་མིག་གཅིག་ཅན། མལ་ཁྲི་ཆེ་བའི་ཁང་མིག་སོགས་བསྡོམས་པས་མལ་ཁྲི72ཡོད་པའི་མགྲོན་ཁང་ཞིག་འཛུགས་སྐྲུན་བྱས། སྡེ་དམངས་ཁྱིམ་ཚང4ཡི་སྣེ་ཁྲིད་དེ་མ་རྐང་དུ་ཞུགས་ཡོད་ལ་ཁོ་ཚོར་ཟླ་རེར30% ཡི་ཁེ་འབབ་བགོ་གྱིན་ཡོད། དུས་མཚུངས་སུ། ཐུའུ་ཆའོ་སྡེའི་བའི་ཞིང་ཁྱིམ་སྤྲོ་རའི་ཁྱིམ་ཚང6གིས་ཀུང་སི་རུ་མ་རྐང་བཞག་ནས། ཀུང་སི་ཡིས་གཅིག་གྱུར་སྒོས་དོ་དམ་བྱས་ཤིང་། ཁེ་ཕན་མཐོ་རུ་བཏང་ཞིང་ས་གནས་མང་ཚོགས་ཀྱི་ཁས་ལེན་དང་གདེང་འཇོག་ཆེན་པོ་ཐོབ།

འབྲུག་ཆུ་རྫོང་ཏ་ཁྲོན་གྲོང་རྡལ་ཐུའུ་ཆའོ་ཙི་སྡེ་བའི་ཧན་ཆིན་ལུའུ་ཡིས་བཤད་རྒྱུར། ཞིང་སྡེའི་བསྒྱུར་གསུམ་སྲིད་ཇུས་བརྒྱུད་དེ་ངས་རང་གི་བེད་མེད་དུ་བཞག་པའི་ཁང་བ་དག་ཀྲིན་དབྱང་སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་ཀུང་སི་རུ་མ་རྐང་བཞག་རྗེས་ཀུང་སི་ཡིས་གཅིག་གྱུར་སྒོས་དོ་དམ་དང་ཚོང་གཉེར་བྱས་ནས་མཇུག་མཐར་ང་ཚོར་བརྒྱ་ཆའི་སུམ་བཅུ་ལྟར་ཁེ་འབབ་བགོ་གྱིན་ཡོད་ལ། ངེད་ཚང་གི་ཡོང་སྒོ་ཁེ་ཕན་མངོན་གསལ་མཐོ་རུ་ཕྱིན་ཅིང་ང་ཚོ་ཚང་མར་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།