ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གིས་དབུལ་སྐྱོར་ཁྱབ་ཁོངས་སུ་ཆེད་དོན་སྐོར་ཞིབ་བྱེད་པར་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་ཞིང་ཆེན་དང་ཁུལ་རིམ་པའི་དབུལ་ཕོངས་སྡེ་བ་རུ་སྤེལ་བའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་ཞིབ་ཁྲོད་དུ། “མང་ཚོགས་ཀྱིས་བསམ་འཆར་དྲག་པོ་བཏོན་པའི་གནད་དོན་ལ་གཟབ་ནན་གྱིས་ལྟ་སྟངས་འཛིན་དགོས་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ངེས་པར་དུ་བཅོས་བསྒྱུར་བྱ་དགོས་པའི”སྤྱིའི་རྩ་དོན་ཡིད་ལ་བརྟན་པོར་བཟུང་སྟེ། སྐོར་ཞིབ་བྱ་ཡུལ་དང་ལས་རིམ། གྲུབ་འབྲས་སོགས་གནད་འགག་ཆེ་བའི་ལྷུ་ཚིགས་འབུར་ཐོན་སྒོས་དམ་འཛིན་བྱས་པ་དང་། ཧུར་ཐག་གིས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཆེ་བའི་གནད་དོན་ཐག་གཅོད་བྱས་ཏེ། རྫོང་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་ལེགས་གྲུབ་འབྱུང་བར་སྒྲིག་ཁྲིམས་དང་སྤྱོད་ཚུལ་ཐད་ནས་འགན་ལེན་བྱས།

སྐོར་ཞིབ་བྱ་བའི་ཁྲོད་དུ། སྐོར་ཞིབ་ཚན་ཆུང་གིས་དངོས་ཐོག་བདེན་འཚོལ་དང་མང་ཚོགས་ལ་བརྟེན་པ། གྲུབ་འབྲས་དངོས་ལེན་གྱི་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དབུལ་སྐྱོར་ཁྱབ་ཁོངས་སུ་ཆེད་དོན་སྐོར་ཞིབ་བྱེད་པ་གཙོ་གནད་དུ་བཟུང་སྟེ། དབུལ་ཕོངས་སྡེ་བ15ཡི་དབུལ་ཕོངས་ཁྱིམ་ཚང་དང་། དབུལ་ཐར་ཁྱིམ་ཚང་། དམའ་སྲུང་ཁྱིམ་ཚང་། འགན་ལྔའི་ཁྱིམ་ཚང་། ཉེན་ཁང་བསྒྱུར་བཀོད་ཁྱིམ་ཚང་སོགས་ལ་འཚམས་འདྲི་ཞུས་ནས། ཕྱོགས་ཡོངས་ནས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་དང་ཡང་དག་པའི་ཡིག་ཆ་དང་ཐོག་ཁུང་དུ་ཆུད་པ་བྱས་ཏེ། དབུལ་ཕོངས་སྡེ་བ་རུ་དབུལ་སྐྱོར་སྲིད་ཇུས་ལག་བསྟར་དང་རོགས་རེས་ཁང་གི་བདག་དམ། མཉམ་ལས་ཁང་གི་འཁོར་སྐྱོད། དབུལ་སྐྱོར་ལས་གཞིའི་འཛུགས་སྐྲུན། དབུལ་སྐྱོར་མ་དངུལ་གྱི་བཀོལ་སྤྱོད་དང་དོ་དམ། བཅའ་སྡོད་རོགས་སྐྱོར་རུ་ཁག་གི་རོགས་སྐྱོར་སོགས་ཀྱི་ཐད་དུ་གནས་པའི་གནད་དོན་ལ་རྒྱུས་ལོན་བྱས། 

སྐོར་ཞིབ་ཀྱི་སྐབས་སུ། འདྲི་ཤོག་དང་ཚད་ལེན་དཔྱད་བསྡུར་རེའུ་མིག་ཚར413བཀྲམས་པ་དང་། བཞུགས་མོལ་ཚོགས་འདུ15ཚོགས་པ། མི་ཐེངས157གྱི་བར་དང་གླེང་མོལ་བྱས་པ། དཔྱད་ཡིག་དེབ373ལ་ཀློག་བཤེར་བྱས་པ་དང་། གནད་དོན་དང་གནད་དོན་གྱི་ཁུངས་སྣེ55ཤེས་རྟོགས་བྱུང་བ་ཡིན། སྐོར་ཞིབ་བྱེད་ཞོར་དུ་གནད་དོན96སྒྲིག་བཅོས་དང་ཐག་གཅོད་བྱས། ཤེས་རྟོགས་བྱུང་བའི་གནད་དོན་དང་གནད་དོན་གྱི་ཁུངས་སྣེ་དག་སྐོར་ཞིབ་ཚན་ཆུང་གིས་རེ་རེ་བཞིན་མིང་ཐོ་རུ་བཀོད་པ་དང་། ཡིག་ཐོ་སྐྲུན་ནས་འགུལ་རྣམ་དོ་དམ་ལག་བསྟར་བྱས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།