ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་སྐྱེ་ཁམས་ཐོན་ལས་གླིང་གིས་ལྗང་མདོག་ཅན་གྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཀན་སུའུ་ཞིང་ཆེན་གཙོས་སྐྱེ་ཁམས་ཐོན་ལས་གླིང་གིས་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་གསབ་སྦྱོང་ཚོགས་འདུ་ཚོགས་ཤིང་། ཁེ་ལས་ལ་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཚོགས་འགན་འཁྲི་དེ་རང་གི་ཚེ་སྲོག་ལྟར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་དགོས་པ་གསལ་བོར་བཏོན།

གསབ་སྦྱོང་ཚོགས་འདུའི་ཁྲོད་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འབྲེལ་བའི་རྣམ་བཤད་གལ་ཆེན་སོགས་ཀྱི་ཕྱོགས་ནས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་ཁྲིམས་སྲོལ་འགྲེལ་བཤད་ཞིབ་མོ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ལམ་གསར་བ་དེ་གཟབ་ནན་དང་གཙོ་བོར་འཛིན་དགོས་པའི་རྩ་དོན་གསལ་བཤད་བྱས་ཤིང་། ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་དང་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་མཁོ་བསྟུན་གསབ་སྦྱོང་། ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱིས་འཛུགས་སྐྲུན་ལས་གཞིའི་རིམ་པ་མི་འདྲ་བའི་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་སོགས་གསལ་བོར་བསྟན། གསབ་སྦྱོང་འབྲེལ་འདྲིས་ཀྱི་དངོས་ཡོད་རང་བཞིན་མཐོར་འདེགས་གཏོང་ཆེད། རང་གི་ཉེ་འགྲམ་ནས་བྱུང་བའི་དོན་དག་ཁུངས་དྲངས་པ་དང་། ཉེ་འཁོར་གྱི་ཆད་པ་བཅད་ཡོད་པའི་གྱོད་དཔེ་ཞིབ་ཕྲའི་སྒོ་ནས་གསལ་བརྗོད་བྱས་པ་བརྒྱུད། གསོན་ཉམས་ལྡན་པའི་སྒོ་ནས་ཁེ་ལས་ཀྱི་ཉིན་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོང་གི་རང་ལྕོག་ནུས་པ་གསོ་སྐྱོང་བྱས་ཤིང་། རང་ངོས་ནས་ཞིབ་བཤེར་དང་། རང་ངོས་ནས་སྒྲིག་བཅོས་བྱེད་པ། ཞིབ་བཤེར་ལ་གཞོགས་འདེགས་སོགས་ཀྱི་ཤེས་བྱ་དང་ལག་བསྟར་བྱ་ཐབས་སོགས་གསལ་སྟོན་བྱས།

ཚོགས་འདུ་གྲོལ་རྗེས། ཆེད་མཁས་པ་དང་ཁེ་ལས་ཀྱི་འཐུས་ཚབ་པ་སོགས་ཀྱིས་ཕན་ཚུན་བར་ལ་འབྲེལ་འདྲིས་བྱས་ཤིང་། ཁེ་ལས་ཀྱི་སྔོན་ཆད་བྱུང་བའི་གནད་དོན་དང་མངོན་མེད་རྐྱེན་ངན་སོགས་ཀྱི་དཀའ་གནད་ཁ་ཤས་ལ“གཅིག་བསྡུས་ཞིབ་བཤེར”བྱས། ལས་གཞིའི་ཞིབ་བཤེར་ཆོག་མཆན་དང་སྦགས་བཙོག་འགོག་བཅོས་སོགས་སོ་སོར་ཆེད་ལས་ཀྱི“འདྲི་དཔྱད”དང་མཛུབ་སྟོན་གནང་ཞིང་། ཡུལ་དངོས་ཀྱི་ཚོགས་མི་རྣམས་ལ་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཁེ་ལས་ཀྱི་གནད་དོན་མི་ཉུང་བ་ཞིག་ཐག་གཅོད་བྱ་རོགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།