ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་བདེ་ཐང་དབུལ་སྐྱོར་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས30ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་ཐང་དབུལ་སྐྱོར་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་ཚོགས་འདུ་གཙོས་གྲོང་ཁྱེར་དུ་བསྡུས། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཏང་ཙུའུ་ཁོངས་མི་དང་། རྒྱ་གྲམ་དམར་བོ་ཚོགས་པའི་ཆེད་བསྐོས་ཚོགས་གཙོ་གཞོན་པ་ཁྲེན་མིང་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་ཁུལ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་འགན་ཁུར་པས་ཀན་ལྷོ་ཁུལ་གྱི་བདེ་ཐང་དབུལ་སྐྱོར་ལས་དོན་གོང་འཕེལ་གནས་ཚུལ་དང་། ཞིང་ཆེན་རིམ་པའི་ཁ་གཏད་རོགས་སྐྱོར་སྨན་ཁང་ལ“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་སྤེལ་བའི་གནས་ཚུལ་གོང་ཞུ་བྱས།

ཚོགས་འདུའི་ཐོག་བསྟན་དོན། ཏན་ཏིག་སྒོས་བདེ་ཐང་དབུལ་སྐྱོར་ལས་དོན་གྱི་བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ། བདེ་ཐང་དབུལ་སྐྱོར་ལས་དོན་མིག་སྔའི་ལས་དོན་གྱི་དོན་དག་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། “དུད་ཚང་རེར་ཐབས་ཇུས་རེའི” ལས་ཀ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་བདེ་ཐང་དབུལ་སྐྱོར་ཆེད་འགན་འཁུར་བའི་ཚོ་ཆུང་གི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱ་རྒྱུ། “ ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་དོནའ་ཁྱོལ་ཡོང་བར་བྱས་ནས་རོགས་སྐྱོར་ཐོབ་པའི་སྨན་ཁང་གི་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། བདེ་ཐང་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ནས་ངོ་ཐུག་དྲིལ་བསྒྲགས་རྒྱ་ཆེ་སྤེལ་ཏེ། བདེ་ཐང་དབུལ་སྐྱོར་དང་། རིམ་དབྱེའི་སྨན་བཅོས། སྨན་བཅོས་འགན་བཅོལ་སྒྲགུབ་པའི་ལས་རིམ་སོགས་ཀྱི་སྲིད་ཇུས་ཁྱབ་གདལ་གཏོང་ཚད་བཅས་མཐོ་འདེགས་སུ་གཏོང་བ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དམ་འཛིན་ལེགས་པོ་བྱས་ནས་ཁུལ་གྱི་གནས་ཚུལ་དང་མཐུན་པའི་གཟིགས་སྐྱོང་བྱེད་ཐབས་ཁག་གཏན་འབེབས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཡོན་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།