ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱིས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གོང་འོག་ཚང་མས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་གྲྭ་དང་དམངས་འཚོའི་ལས་གྲྭ  འགོ་ཁྲིད་པ་གཙོ་བོའི་ལས་གྲྭ་གལ་ཆེན་ཞིག་ཏུ་བརྩིས་ནས་ཤུགས་ཆེན་གྱིས་སྐུལ་འདེད་བཏང་བ་དང་། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་མ་དངུལ་གཙོ་བོ“སྐྱེ་ཁམས”ལ་དམིགས་ནས་བཏང་བ་དང་། འབྲས་བུ་གཙོ་བོ“དཔལ་ཡོན”ལ་དམིགས་ནས་གཅིག་སྡུད་བྱས་པ། སྟོབས་ཤུགས་གཙོ་བོ“འབྱོར་འབྲིང”ལ་དམིགས་ནས་བཏོན་པས། མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་བཏང་།

2016ལོར།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས“འགོ་འཛུགས་ས་མཐོན་པོ་ནས་ཚན་རིག་དང་མཐུན་པར་ཇུས་འགོད་དང་།  གཞི་ཁྱོན་མཐོན་པོས་གཅིག་གྱུར་འཆར་འགོད་བྱེད་པ།  ཚད་གཞི་མཐོན་པོས་ཁྱད་ཆོས་འབུར་ཐོན་དང་ཆུ་ཚད་མཐོན་པོས་བཀྲག་མདངས་འཚེར་ས་གཏོད་པའི”རྩ་དོན་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ300འཛུགས་སྐྲུན་བྱས་པ་དང་། ལས་གཞིར་བསྡོམས་པས་སྒོར་དུང་ཕྱུར36.4བཏང་བས། ཁྱིམ་ཚང20145ཡི་མི་ཁྲི10.2ལ་ཕན་པ་ཐོབ། 2017 ལོར། ཁུལ་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ300ལྷག་འཛུགས་སྐྲུན་བྱས་པར་ཁྱིམ་ཚང20474ཡི་མི་ཁྲི10.5དང་འབྲེལ་བ་ཡོད་ལ། ལས་གཞིར་སྤྱིའི་མ་དངུལ་གཏོང་ཚད་སྒོར་ཁྲི353200(རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཚད་སྒོར་ཁྲི245700དང་མང་ཚོགས་ཀྱིས་སྒོར་ཁྲི107500གྲབས་གསོག་བྱས་པ)མཆན་འགོད་བཀའ་ལན་ཐོབ། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི173600ལེགས་གྲུབ་བྱུང་བ་དང་། ལས་གྲྭའི་སྣང་བརྙན་གྱི་འཕེལ་ཚད49.2%ལ་བསླེབས། 2018 ལོར། ཀན་ལྷོ་ཁུལ་གྱིས་འཛུགས་སྐྲུན་གྱི་གཙོ་གནད་དེ་དབུལ་ཕོངས་སྡེ་བར་ཕྱོགས་ཏེ་རྒྱུན་མཐུད་ངང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ300ལྷག་འཛུགས་སྐྲུན་བྱས་པ་དང་། ཁྱིམ་ཚང19767གྱི་མི88857དང་འབྲེལ་བ་ཡོད། དེའི་ཁྲོད་དུ་དབུལ་ཕོངས་སྡེ་བ174ཡི་དབུལ་ཕོངས་ཁྱིམ་ཚང6067དང་དབུལ་ཕོངས་མི་གྲངས26117ཡོད་ལ། དབུལ་ཕོངས་སྡེ་བས58%དང་དབུལ་བོའི་ཁྱིམ་ཚང་གིས30.7%དང་དབུལ་ཕོངས་མི་གྲངས་ཀྱིས29.4% ཟིན་ཞིང་། ཤིན་ཏུ་དབུལ་བོ་ཡིན་པའི་འབྲུག་ཆུ་རྫོང་དང་ལིན་ཐན་རྫོང་གིས་སོ་སོར80.5དང71.4%ཟིན།

འཛུགས་སྐྲུན་ཁྲོད་དུ་འཆར་འགོད་ཐེངས་ཤིག་བྱས་ན་གོམ་གང་གིས་དམིགས་སར་འབྱོར་བའི་རྩ་དོན་ལྟར། སྔོན་བརྒལ་འོས་འཚམ་གྱིས་འཆར་གཞི་ཇུས་འགོད་ཡག་པོ་བྱས་པ་དང་། བཟོ་བའི་བརྒྱུད་རིམ་ཁྲོད་དུ་ཐོན་ལས་རོགས་སྐྱོར་དང་དབུལ་ཐར་མཁྲེགས་གཏོར། རིག་གནས་འཛུགས་སྤེལ། གྲོང་སྡེ་འཛུགས་སྐྲུན། ཡུལ་སྐོར་གསར་སྤེལ། ཁོར་ཡུག་སྲུང་སྐྱོང་སོགས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། འགོ་འཛུགས་ས་མཐོན་པོ་དང་ཚད་གཞི་མཐོན་པོས་འཆར་འགོད་བྱས་ཏེ། བྱ་བ་སོ་སོ་རིགས་དབྱེ་སློབ་སྟོན་དང་གཅིག་གྱུར་གྱིས་སྐུལ་འདེད་དང་དོན་འཁྱོལ་བྱེད་པ་ཁག་ཐེག་བྱས། ཧུར་ཐག་གིས་མ་དངུལ་གྲབས་གསོག་བྱེད་སྟངས་གསར་གཏོད་དང་། མ་དངུལ་འཇོག་ཚུལ་སྣ་མང་ཅན་གྱི་རྐྱེན་སྲོལ་འཛུགས་རྒྱུ་ཇེ་མགྱོགས་སུ་བཏང་སྟེ། 《ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལས་གཞིའི་མ་དངུལ་བསྡུ་སྒྲིལ་གྱི་འཆར་འགོད》གཏན་འབེབས་བྱས་པ་དང་། སྐྱེ་ཁམས་ནུས་པའི་ཁུལ་གྱི་གཏོང་སྤྲོད་སྤོ་སྒྱུར་མ་དངུལ་གྱི70%འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་ཐད་དུ་གཏོང་རྒྱུའི་རེ་བ་བཏོན། བོད་ཁུལ་གྱི་ཆེད་སྤྱོད་མ་དངུལ་གྱི་བསྡུར་ཚད་ངེས་ཅན་ཞིག་གིས་རྒྱབ་སྐྱོར་བྱེད་པར་བཀོད་སྒྲིག་བྱས་ཤིང་། ཐབས་ལམ་མང་པོར་བརྟེན་ནས་ཞིང་འབྲེལ་ལས་གཞིའི་མ་དངུལ་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ་མང་ཚོགས་ཀྱི་མ་དངུལ་གྲབས་གསོག་དང་ངལ་ལས་རིམ་གསོག་བྱེད་པར་ཁྲིད་སྟོན་བྱས། དེ་དང་མཉམ་དུ། རོང་འབྲོག་མང་ཚོགས་འཛུགས་སྐྲུན་དང་དོ་དམ་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ནས། དངོས་གནས་མང་ཚོགས་ཀྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱེད་དུ་བཅུག་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི《མ་དངུལ་དོ་དམ་བྱ་ཐབས》དང《ལྟ་ཞིབ་བྱ་ཐབས》《དཔྱད་ཞིབ་བྱ་ཐབས》《འགན་འཁྲི་བདའ་འདེད་བྱ་ཐབས》སོགས་ཕན་ནུས་འདྲི་རྩད་དང་འགན་འཁྲི་བདའ་འདེད་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ཤིང་། “5533”ལྟ་སྐུལ་ཞིབ་བཤེར་བྱ་བའི་རྐྱེན་སྲོལ་བཙུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།