ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་བརྟན་ཞིང་ཕན་ནུས་ལྡན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་གྱིས“ལས་གྲྭ་དང་པོའི”འདུ་ཤེས་བརྟན་པོར་བཙུགས་ཏེ། དབུལ་ཐར་མཁྲེགས་གཏོར་ནི་ཆེས་ཆེ་བའི་ཆབ་སྲིད་དང་། ཆེས་ཆེ་བའི་ལས་འགན། ཆེས་ཆེ་བའི་འགན་འཁྲི་རུ་བཟུང་བ་དང་། “དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ”ནི་རྩ་བའི་དམིགས་ཡུལ་དུ་བཟུང་ནས། མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས“1+17+1”དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་ཇུས་གཞི་དོན་འཁྱོལ་བྱས། 

“དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི”ལྟེ་བའི་དམིགས་འབེན་ལ་དམ་པོར་འབྲེལ་ནས། ཞིང་འབྲེལ་མ་དངུལ་སྒོར་ཁྲི8678གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱས་ཏེ། སྡེ་ཡོངས་སྐུལ་འདེད་དང་། ཐོན་ལས་ཀྱི་ཡོང་འབབ་འཕར་སྣོན། རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་སྲུང་སྐྱོང་། ཡུལ་གཞན་དུ་གནས་སྤོ། སྤྱི་ཚོགས་འགན་སྲུང་། ནུས་རྩལ་གསོ་སྦྱོང་། སྤྱི་ཚོགས་ཀྱི་རོགས་སྐྱོར་སོགས་དབུལ་སྐྱོར་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ནས། རོང་འབྲོག་སྡེ་བའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་ཕན་ནུས་ལྡན་པའི་ལེགས་བཅོས་ཐོབ། རྒྱལ་ཁབ་ཀྱི་དབུལ་ཕོངས་ལས་འབུད་པའི་ཚད་གཞི་ལ་ལྟ་སྡུར་ནན་མོ་བྱས་པ་དང་། ནན་ཏན་སྒོས་གྲོང་ཁྱེར་རིམ་པའི་རང་བཤེར་རྩིས་ལེན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དང་། དབུལ་ཕོངས་སྡེ་བ། དབུལ་ཕོངས་རྫོང་བཅས་ཀྱི་ཕྱིར་འབུད་བྱེད་པའི་ཚད་གཞི་དེ་ཕྱིར་འབུད་ཚད་གཞི་ལ་བསླེབས། ལོ་གཅིག་གི་ནང་དུ་དབུལ་ཕོངས་མི་གྲངས2032ཇེ་ཉུང་དུ་སོང་བ་དང་། དབུལ་ཕོངས་ཀྱི་ཚད6.35%ནས0.8%རུ་མར་བབས་པས། བདེ་བླག་ངང་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ།

གཏིང་ཟབ་སྒོས་ཀྲུང་དབྱང་དང་། ཞིང་ཆེན་གྱིས་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་བསམ་འཆར་དོན་འཁྱོལ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནསགཙོས་གྲོང་ཁྱེར“1+8”ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་ལག་བསྟར་ཇུས་གཞིསྒྲིག་བཟོ་བྱས། ད་ལོར་ནོར་སྲིད་ཀྱི་ཆེད་སྤྱོད་རོགས་སྐྱོར་མ་དངུལ་བསྡོམས་པས་སྒོར་ཁྲི4273བཏང་སྟེ། སྡེ་ཡོངས་སྐུལ་འདེད་ཀྱི་ལས་གཞི2ལེགས་གྲུབ་བྱུང་བ་དང་། ཐོན་ལས་རོགས་སྐྱོར་ལས་གཞི་ལ་སྒོར་ཁྲི1098.58 རྨང་གཞིའི་སྒྲིག་བཀོད་ལས་གཞི་ལ་སྒོར་ཁྲི1126.25 ཁོར་ཡུག་གཙང་སྦྲ་རིམ་སྤར་སྒྲིག་བཅོས་ལས་གཞི་ལ་སྒོར་ཁྲི210.96 དེ་མིན་གྱི་ལས་གཞི་ལ་སྒོར་ཁྲི 46བཅས་ཡིན།

དབུལ་ཕོངས་རྫོང་ལས་ཕྱིར་འབུད་ཀྱི་ཞིབ་བཤེར་རྩིས་ལེན་བྱེད་པའི་ཚད་གཞི་སྣ་ཁ7ཡོད་པ་ཚང་མ་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལ་བསླེབས། དེའི་ཁྲོད་དུ། དབུལ་ཕོངས་འབྱུང་ཚད0.8%དང་། ཁང་བ་བསྒྱུར་བཀོད་ལེགས་འགྲུབ་བྱུང་ཚད100% ལ་བསླེབས། འཐུང་ཆུ་བདེ་འཇགས་ཀྱི་ཞིང་བའི་བསྡུར་ཚད100%ལ་བསླེབས། འོས་འགན་སློབ་གསོའི་བརྟན་འཇགས་ཚད95.03%ལ་བསླེབས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་ལེན་ལ་ཞུགས་ཚད95.82%ལ་བསླེབས། གཞི་རྩའི་སྨན་བཅོས་འགན་ལེན་ལ་ཞུགས་པའི་ནད་པ་ཚང་མས་གཞི་རྩའི་སྨན་བཅོས་འགན་ལེན་གྱི་འབྲེལ་ཡོད་སྲིད་ཇུས་མྱོང་བཞིན་ཡོད། ཆ་རྐྱེན་དང་འཚམ་པའི་ནད་པ་ཚང་མར་ནད་ཆེན་འགན་ལེན་བྱེད་པ་དང་རྒྱུན་ནད་རོགས་སྐྱོབ་བྱེད་པ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་མྱོང་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།