ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་དཔལ་འབྱོར་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2017ལོར་ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་གྱིས“1557”གྱི་བྱ་བའི་རིག་ལམ་དང“1256”གི་བྱ་བའི་འོས་འགན་ལྟར།“ཕྱོགས་ཡོངས་བཞི”ཡི་ཐབས་ཇུས་བཀོད་སྒྲིག་དང“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”ཡིས་སྣེ་ཁྲིད་དེ། “ལས་གཞི་འཛུགས་སྐྲུན་ལེགས་བཅོས་སུ་གཏོང་བའི”ལོ་ཡི་བྱ་འགུལ་དང་དམ་དུ་སྦྲེལ་ནས། མུ་མཐུད་དུ་ལས་གཞི་འཛུགས་སྐྲུན་དང་ལས་གཞིར་མ་དངུལ་གཏོང་བའི་སྒྲིག་བཀོད། ལས་གཞིའི་ཞབས་ཞུ་ཁོར་ཡུག་ལེགས་བཅོས་སུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བར་སྐུལ་འདེད་བཏང་།

གཙོས་གྲོང་ཁྱེར་གྱིས་ལས་གཞིའི་འཛུགས་སྐྲུན་དེ་མ་དངུལ་གཏོང་བ་རྒྱ་བསྐྱེད་དང་འདེགས་སྐྱོར་ཆེན་པོ། འཕེལ་རྒྱས་ལ་སྐུལ་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་འཁྱོངས་བྱས་ཤིང་། “ལས་གཞི་འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་བཅོས་སུ་གཏོང་བའི”ལོ་ཡི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ལས་གཞི་བྱ་བའི་འགན་འཁྲིའི་ལམ་ལུགས་འགན་ལེན་དང་ནན་འཛིན་བྱེད་པ་དོན་འཁྱོལ་ནན་མོ་བྱས་པས་གྲོང་ཁྱེར་ཡོངས་སུ་ལས་གཞི་འཛིན་པའི་རྣམ་པ་བཟང་བོ་ཞིག་ཆགས། ཐབས་བརྒྱ་ཇུས་སྟོང་གིས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རིགས་མི་འདྲ་བའི་འཛུགས་སྐྲུན་ལས་གཞི135ལག་བསྟར་བྱས་པ་དང་། དེའི་ཁྲོད་དུ་མ་དངུལ་སྒོར་དུང་ཕྱུར་ཡན་གྱི་ལས་གཞི 8ཡོད་ལ། སྒོར་ཁྲི3000ཡན་གྱི་ལས་གཞི25ཡོད། ལས་གཞི་གལ་ཆེན་འཛུགས་སྐྲུན་གྱི་འཕེལ་ཕྱོགས་ལེགས་པ་དང་ལས་གཞི་གཞན་པའང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱས། ཚོང་འགུག་དངུལ་འདྲེན་གྱི་ཤུགས་ཚད་ཆེ་རུ་བཏང་ནས། ཚོང་འགུག་དངུལ་འདྲེན་གྱི་ལས་གཞི 9ལ་གན་རྒྱ་བཞག་པ་དང་། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར13ཡིན་ལ། མ་དངུལ་གཏོང་བ་སྒོར་དུང་ཕྱུར1.68ལེགས་གྲུབ་བྱུང་།

ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མར་ཆག་པའི་ཛ་དྲག་གི་གནས་ཚུལ་འོག་ཏུ། མགྱོགས་མྱུར་གྱིས་དཔལ་འབྱོར་རྣམ་པར་ཞིབ་འཇུག་དང་བྱེད་ཐབས་གལ་ཆེན་ལག་བསྟར་བྱས་པ་དང་། སྒྲིག་གཞི་ལེགས་སྒྲིག་དང་བཅོས་སྒྱུར་ལ་སྐུལ་འདེད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་མར་ཆག་མཚམས་བཞག སྔོན་དཔག་བྱས་ན་ལོ་ཧྲིལ་བོར་གྲོང་ཁྱེར་ཡོངས་སུ་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་སྒོར་དུང་ཕྱུར38.1ལེགས་གྲུབ་བྱུང་བ་དང་སྔར་ལོའི་དུས་མཚུངས་ལས5%འཕར། གཏན་འཇགས་རྒྱུ་ནོར་ཐད་གྱི་མ་དངུལ་བཏང་བ་སྒོར་དུང་ཕྱུར35.7ལེགས་གྲུབ་བྱུང་སྟེ་སྔར་ལོའི་དུས་མཚུངས་ལས4%འཕར། བཟོ་ལས་ཀྱི་གནས་འཕར་རིན་ཐང་སྒོར་དུང་ཕྱུར6.5ལེགས་གྲུབ་བྱུང་བ་དང་སྔར་ལོའི་དུས་མཚུངས་ལས5%འཕར། སྤྱི་བའི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར1.59ལེགས་གྲུབ་བྱུང་བ་དང་སྔར་ལོའི་དུས་མཚུངས་ལས13.5%མར་ཆག སྤྱི་ཚོགས་འཛད་རྫས་སིལ་ཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར19.1ལེགས་གྲུབ་བྱུང་བ་དང་སྔར་ལོའི་དུས་མཚུངས་ལས9%འཕར། གྲོང་ཁྱེར་སྡོད་དམངས་མི་རེའི་ཆ་སྙོམས་སུ་བཀོལ་ཆོག་པའི་ཡོང་སྒོ་སྒོར23275ལ་བསླེབས་ཏེ། སྔར་ལོའི་དུས་མཚུངས་ལས8.3%འཕར། རོང་འབྲོག་སྡེའི་མི་རེའི་ཆ་སྙོམས་སུ་བཀོལ་ཆོག་པའི་ཡོང་འབབ་སྒོར7190ལ་བསླེབས་ཏེ་སྔར་ལོའི་དུས་མཚུངས་ལས8.5%འཕར་སྣོན་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།