ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1515467878469398.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ1པའི་ཚེས8ཉིན་གྱི་ཕྱི་དྲོར། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཐེངས་གསུམ་པ་བསྡུས།

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མས་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན 219ཡོད་ཅིང་དངོས་སུ་ཞུགས་པའི་ཨུ་ཡོན198ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་དབྱང་སྒྲོལ་མ། ཝང་ཡོན་ཀྲིན། དབྱང་ཧྲུའུ་མིན། ལིའུ་མའེ་ཅིན། མགོན་པོ་སྐྱབས། ཝུའུ་ཞའོ་ཧྲུན། ཀྲོའུ་ཝུན་ཧྥང་།  འཕགས་པ་ཚེ་རིང་། ཧན་ཧོང་པིན། རྨིན་ཝུན་ཧའེ། རྨིན་ཝུན་ཞང་། ཞ་ཧྲི་ལུང་།  གདུགས་དཀར་སྐྱབས། ཟམ་ཚ་ཚང་། ཧོང་ཞའོ་ཝུའུ་བཅས་ཡིན་པ་དང་།  ད་དུང་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞུས་ཆང་དང་བསེ་ཚང་བློ་བཟང་དཔལ་ལྡན། ཝང་ཡ་ནན། དུས་འཁོར་ཚང་། ཀྲའོ་ཧུང་ཚའེ། དབྱང་ཞའོ་ནན། ཨན་ཞིས་ལིན། ཏུང་ཀྲེན་གོ  རྨིན་ཀྲན་པིའོ་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆང་ཀྲུའུ་ཞི་སྟེགས་བུར་བཞུགས།

1515467878179903.jpg

གྲོས་ཚོགས་སུ་གྲོས་ཚོགས་སུ་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པའི་འདེམས་བསྐོ་བྱེད་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།  སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྤྱིའི་འདེམས་ཤོག་ལྟ་བཤེར་བ་དང་འདེམས་ཤོག་ལྟ་བཤེར་བ་གཞོན་པ།  འདེམས་ཤོག་ལྟ་བཤེར་བའི་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་འདེམས་བསྐོའི་སྤྱིའི་འདེམས་ཤོག་བརྩི་མཁན་དང་འདེམས་ཤོག་བརྩི་མཁན་གཞོན་པ།  འདེམས་ཤོག་བརྩི་མཁན་བཅས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།  སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཀྲུའུ་ཞི་གཞོན་པ་འདེམས་བསྐོ་བྱས།  དྲུང་ཡིག་ཆེན་མོ་དང་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་།

1515467878101852.jpg

དེར་མཐུད་ནས་ཚོགས་ཆེན་གྱིས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ཏེ་ཚོགས་ཆེན་གྱི་འདེམས་བཀོད་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས།  སྒྲོལ་མ་སྐྱབས་ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས།།      

རྩོམ་སྒྲིག་པ། : ཀླུ་མོ་མཚོ།