ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས7ཉིན་གྱི་ཕྱི་དྲོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། འཐུས་མི 238གྲོས་ཚོགས་སུ་ཞུགས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དབྱང་ཅན་གོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཧྥན་ཝུའུ་ཏེ། དབྱང་ཞུང་། དབྱང་སྒྲོལ་མ། དབྱང་ཅན་གོ ལིའུ་ཡུང་ཀོ རིན་ཆེན་དོན་གྲུབ། ཧྲི་ཧྭ་ཞུང་། ཝང་ལི། ཅི་ཧྲི་ཏེ། ཝང་ཞུའེ་ཝུན། ཁྲིན་མིང་ཀྲི་བཅས་ཡིན། ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ་སོགས་མི 31ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།

ཚོགས་ཆེན་གྱིས་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་གིས་ཕུལ་བའིཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུདང་། ཁུལ་གྱི་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་འདེམས་བསྐོ་བྱེད་ཐབས(འཆར་ཟིན)ལ་བརྡས་ཐག་བཅད་ཅིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལྟ་བཤེར་ཨུ་ཡོན་ལྷན་ཁང་འཛུགས་པའི་གྲོས་ཆོད(འཆར་ཟིན)ལ་བརྡས་ཐག་བཅད། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གིས ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་ཁྲིམས་སྲོལ(འཆར་ཟིན)གྱི་གསལ་བཤད་དང ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་དོ་དམ་གྱི་ཁྲིམས་སྲོལ(དག་བཅོས་འཆར་ཟིན)གྱི་གསལ་བཤད་ལ་ཉན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་གིས་ཕུལ་བའི ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུདང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན་གྱིས་ཕུལ་བའི ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུལ་ཉན།།     

རྩོམ་སྒྲིག་པ། : ཀླུ་མོ་མཚོ།