ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་དགའ་མཐོ་ཤོས་ཐོབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། པེ་ཅིང་དུ་ཚོགས་པའི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་གཟེངས་བསྟོད་ཚོགས་ཆེན་ཐོག  བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་དགའ་མཐོ་ཤོས་ཏེ“ཡུན་རིང་བདེ་འཁོད་བུམ་པ”ཐོབ་པ་དང་། མིག་སྔར་རང་ལྗོངས་སུ་བྱ་དགའ་དེ་རིགས་ཐོབ་མཁན་གྱི་གྲོང་ཁྱེར་འབའ་ཞིག་ཏུ་གྱུར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ཡུན་རིང་བདེ་འཁོད་བུམ་པ”ཞེས་པ་ནི་རྒྱལ་ཁབ་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་ཁོངས་གཏོགས་ཀྱིས་བཙུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་བྱ་དགའ་མཐོ་ཤོས་དེ་ཡིན་པ་དང་། དཔྱད་ཞུགས་ཀྱི་ཐོབ་ཐང་རག་པའི་གྲོང་ཁྱེར་ཡིན་ཕྱིན་ངེས་པར་དུ“རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཕུལ་བྱུང་གྲོང་ཁྱེར”ལ་སྐབས་གསུམ(ལོ་བཞི་རེར་སྐབས་རེ་ཡིན)བསྟུད་མར་བདམས་ཐོན་བྱུང་བ་ཞིག་ཡིན་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།