ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་ཀྱི་སློབ་གསོ་ཐེབས་རྩ་ཚོགས་པས་ཕུལ་བྱུང་དགེ་རྒན་དང་མཐོ་རྒྱུགས་ཁྲོད་ཨང་དང་པོ་བླངས་པའི་སློབ་མ50ལ་གཟེངས་བསྟོད་བྱ་དགའ་གནང་བ།

ཡོང་ཁུངས། : ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2016-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགེ་རྒན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདི། ཀན་ལྷོ་བོད་ཀྱི་སློབ་གསོ་ཐེབས་རྩ་ཚོགས་པས་ཀན་ལྷོ་ཁུལ་ཡོངས་ཀྱི་བོད་ཀྱི་སློབ་གསོ་འཐབ་ཕྱོགས་སུ་བྱུང་བའི་ཕུལ་བྱུང་དགེ་རྒན30དང་སྐད་གཉིས་རིགས་ཀྱི་མཐོ་རྒྱུགས་ཨང་དང་པོ་བླངས་པའི་སློབ་མ20ལ་གཟེངས་བསྟོད་བྱས་ཤིང་བྱ་དགའ་གནང་།

    དགེ་རྒན་དུས་ཆེན་སོ་གཉིས་པར་རྟེན་འབྲེལ་ཞུ་བ་དང་།   བོད་ཀྱི་སློབ་གསོ་ལས་དོན་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་སུ་ཤེས་ཡོན་ལ་གོང་བཀུར་དང་ཤེས་ལྡན་མི་སྣར་གོང་བཀུར་གྱི་སྣང་ཚུལ་བཟང་པོ་བསྐྲུན་པ།  རྒྱ་ཆེའི་སློབ་ཕྲུག་རྣམ་པས་སློབ་སྦྱོང་འབད་པ་བྱས་ནས་ཤེས་ལྡན་པར་འགྱུར་བར་སྐུར་ལྕག་གཏོང་ཆེད། ཀན་ལྷོ་བོད་ཀྱི་སློབ་ གསོ་ཐེབས་རྩ་ཚོགས་པར་ཀན་ལྷོ་ཁུལ་སློབ་གསོ་ཅུས་ཀྱི་གཞོགས་འདེགས་བྱས་འོག   རྫོང་དང་གྲོང་ཁྱེར་དག་གི་སློབ་གསོ་ཅུས་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སློབ་གྲྭའི་འོས་སྦྱོར་བྱས་པ་དང་།    ཀན་ལྷོ་ཁུལ་སློབ་གསོ་ཅུས་ཀྱིས་ཐོག་མའི་ཞིབ་བཤེར་བྱས་ཐོག ཟླ9ཚེས6ཉིན་ཀན་ལྷོ་བོད་ཀྱི་སློབ་གསོ་ ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོའི་ཚོགས་འདུའི་སྟེང་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བར། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དགེ་ རྒན་གསང་བདག་བཀྲ་ཤིས་སོགས་བློ་མཐུན30ལ་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་གནང་ཞིང་མི་རེར་བྱ་དགའ་སྒོར2000རེ་སྟེར་བ་དང་།    ད་ལོ་སྤྱིར་བཏང་གི་མཐོ་རྒྱུགས་ཁྲོད་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་ཀླུ་ཆུ་བོད་རིགས་སློབ་འབྲིང་གི་སློབ་མ་རྟ་མགྲིན་སྐྱིད་སོགས་སྐད་གཉིས་རིགས་ཀྱི་མཐོ་རྒྱུགས་ཨང་དང་པོ་བླངས་པའི་སློབ་མ20ལ་གཟེངས་ བསྟོད་བྱས་ཤིང་མི་རེར་བྱ་དགའ་སྒོར3000རེ་གནང་རྒྱུ་བྱས།

     ལས་འཛིན་འགོ་གཙོའི་ཚོགས་འདུས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་དགེ་རྒན་རྣམ་པས། སེམས་པ་སློབ་གསོར་བཅང་བ་དང་ལས་བཀུར་སྐྱེས་འབུལ། ཡང་འབད་བསྐྱར་འབད། གསར་གཏོད་ལྷུར་ལེན་སྒོས་མིག་དཔེ་སྣེ་ ཁྲིད་ནུས་པ་འདོན་སྤེལ་བཟང་པོ་བྱས་ནས།  སློབ་གསོ་ལས་དོན་ཐད་བྱས་རྗེས་གསར་བ་དང་སྔར་ལས་ཆེ་བ་འཇོག་པར་འབད་དགོས་ཤིང་། ཀན་ལྷོ་ཁུལ་ཡོངས་ཀྱི་སློབ་གསོ་འཐབ་ཕྱོགས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་ལ་སློབ་སྦྱོང་བྱེད་པ་དང་། ཁོ་ཚོ་ནི་མིག་དཔེར་བཟུང་ནས་གསར་ གཏོད་གསར་སྐྲུན་དང་སྒེར་སེམས་མེད་པའི་སྐྱེས་འབུལ་སྙིང་སྟོབས་དར་སྤེལ་གཏོང་བ།   སྔར་ལས་མཐོ་བའི་སྤྲོ་སེམས་ཀྱིས་སློབ་གསོར་དོ་སྣང་བྱེད་པ།   སྔར་ལས་ཆེ་བའི་ཤུགས་ཚད་ཀྱིས་སློབ་གསོར་རྒྱབ་སྐྱོར་བྱེད་པ། སྔར་ལས་ ཏན་ཏིག་གི་བྱ་སྤྱོད་ཀྱིས་སློབ་གསོ་གོང་འཕེལ་བཏང་ནས།ཀན་ལྷོ་ཁུལ་ ཡོངས་ཀྱི་སློབ་གསོ་ལས་དོན་ཚན་རིག་དང་མཐུན་པར་འཕེལ་རྒྱས་མགྱོགས་སུ་འགྲོ་བར་ཧུར་བརྩོན་གྱིས་བྱས་རྗེས་འཇོག་དགོས། བྱ་དགའ་ཐོབ་པའི་ སློབ་ཕྲུག་རྣམ་པས་ཚང་མའི་རེ་འདུན་སྟོང་ཟད་དུ་མི་གཏོང་བར་སྙིང་རུས་ཆེ་སྐྱེད་ཀྱིས་སློབ་སྦྱོང་བྱེད་པ་དང་ཧུར་ཐག་འབད་ཐག་གིས་ཡར་རྒྱས་གོང་འཕེལ་བརྩོན་པ། སྔ་མོར་ཤེས་ལྡན་པར་གྱུར་ནས་ཁུལ་ཡོངས་ཀྱི་སློབ་ཕྲུག་ རྣམས་ལ་མིག་དཔེ་འདོན་པ་དང་། མེས་རྒྱལ་དང་ཕ་ཡུལ་གྱི་འཛུགས་སྐྲུན་ ལ་བྱས་རྗེས་འཇོག་པར་འབད་བརྩོན་ཧུར་ཐག་བྱ་དགོས་པའི་རེ་བ་བཏོན།    །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།