ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུས་ཤུགས་ཆེན་པོས་ལེ་བར་བརྒྱ་ཡི་ལྗང་མདོག་ཁྱམས་ར་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2016-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་ལེགས་བཅོས་གཏིང་ཟབ་དུ་སྤེལ་བ་དེ་དམངས་ཀྱི་འདོད་བློ་དང་འཕེལ་རྒྱས་ཀྱི་ཐབས་ཇུས་ཤིག་ཏུ་བརྩིས་ནས། ལོ་རེར་གཙང་སྒྱུར་དང་ལོ་གཉིས་རེར་ཡག་བསྒྱུར། ལོ་གསུམ་རེར་མཛེས་བསྒྱུར་བྱེད་པའི་བྱ་བའི་དམིགས་འབེན་ལ་གཞིགས་ཏེ། ཤུགས་ཆེན་པོས་ལེ་བར་བརྒྱ་ཡི་ལྗང་མདོག་གནས་སྐོར་ཁྱམས་ར་བཟོ་འགོད་ལག་བསྟར་བྱས།

ཕྱོགས་ཡོངས་ནས་ཆུ་རགས་དང་ཟམ་པ། ཁྱིམ་ཚང་བཅས་ཀྱི་གྱང་ངོས་སུ་སྦྱར་པའི་བརྡ་ཁྱབ་སོགས་གཙང་སེལ་བྱས་པ་དང་། སྐུད་ལམ་གང་སར་འཐེན་པ་དང་རང་འདོད་ཀྱིས་གློག་སྡོང་བཙུགས་པའི་སྣང་ཚུལ་ལེགས་བཅོས་བྱས། གཞུང་ལམ་འགྲམ་རྒྱུད་དང་འབྲུག་དཀར་གཙང་བོའི་བཞུར་རྒྱུད་ཀྱི་བྱེ་རྡོ་བཟོ་གྲྭ་དང་བཟོ་གྲྭའི་བཟོ་ཁང་། གད་སྙིགས་ཉོ་བསྡུ་ས་ཚིགས་སོགས་མེད་པར་བཟོས། གཞུང་ལམ་འགྲམ་རྒྱུད་དང་ཆུ་བོའི་བཞུར་རྒྱུད། ཆུ་རྐ་སོགས་ཀྱི་བཟོ་སྐྲུན་གད་སྙིགས་གཙང་སེལ་བྱས་པ་དང་ནན་ཏན་སྒོས་བཟོ་སྐྲུན་སྐྱེལ་འདྲེན་རླངས་འཁོར་གྱིས་གཞུང་ལམ་དུ་བྱེ་ཟེགས་གཏོར་བའི་སྣང་ཚུལ་ལ་རྩད་ཞིབ་བྱས། གཙོ་བོ་གཙང་བོ་གཅིག་དང་ཆུ་བོ་གཉིས་ཀྱི་འགྲམ་རྒྱུད་དུ་ལྗང་བསྒྱུར་མཛེས་བསྒྱུར་སྤེལ་ཏེ། མིག་སྔར་སྟར་ཀ་དང་གཡེར་མ། ཡུང་ཧྲན་གསོམ་སྡོང་སོགས་མུའུ94499ལ་སྡོང་རྐང་ཁྲི167.14བཙུགས། འབྲུག་དཀར་གཙང་བོའི་འགྲམ་རྒྱུད་དང་ཀོང་པ་ཆུ་བོའི་བཞུར་རྒྱུད་དུ་དགུན་འདེབས་ཡུངས་དཀར་མུའུ་ཁྲི1.2བཏབ་སྟེ། འབྲུག་ཆུའི་ས་ཁོངས་ཡོངས་ལ་ཁྱབ་པའི་ལྗང་མདོག་གནས་སྐོར་ལྟ་སྐོར་ཁུལ་གསར་འཛུགས་བྱས།  །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།