ཀྲུང་གོ་བོད་ཀྱི་དྲ་བ།

​2022ལོའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཚན་རིག་པ་གསུམ་ལ་སྤྲད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་ཏི་གིའར་མོ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས5ཉིན་སུའེ་ཏེན་གོང་མ་ཚང་ཚན་རིག་ཁང་གིས2022ལོའི་ནོ་པེར་རྫས་འགྱུར་བྱ་དགའ་དེ་ཨ་རིའི་ཚན་རིག་པ་ཁ་ལུའོ་ལིན·པེའར་ཐུའོ་ཆི(CarolynR。Bertozi)དང་། ཁར·པ་ལི·ཧྲ་ཕུའུ་ལི་སི(K.Barry Sarpless)། ཏེན་མག་གི་ཚན་རིག་པ་མོ་ཐེང·མེའར་ཏར་(Morten Meldal)བཅས་ལ་སྤྲད་དེ། ཁོང་ཚོས་རྫས་འགྱུར་རྡེབ་གནོན་དང་སྐྱེ་དངོས་མཐུན་སྡེབ་རིག་པའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས།

རྫས་འགྱུར་གྱི་བྱེད་ནུས་ནི་ཧ་ལས་དགོས་པ་ཞིག་རེད། སྐབས་འགར་སྟབས་བདེའི་དྲིས་ལན་ནི་ཆེས་བཟང་བའི་དོན་ཞིག་རེད། ནོ་པེར་བྱ་དགའི་ཨུ་ཡོན་ལྷན་ཁང་གི་བྱ་དགའ་སྤྲོད་པའི་ཚིག་དོན་ནང་། ཧྲ་ཕུའུ་ལི་སི་དང་མེའར་ཏར་གཉིས་ལ2022ལོའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་སྤྲད་པ་དང་། ཁོང་གཉིས་ཀྱིས་རྫས་འགྱུར་རིག་པ་བྱེད་ནུས་རིང་ལུགས་ཀྱི་དུས་རབས་སུ་འཁྱེར་ནས། རྫས་འགྱུར་རྡེབ་མནོན་གྱི་རྨང་གཞི་བཏིངས། དེ་སྨན་རྫས་ཞིབ་འཇུག་གསར་སྤེལ་དངDNAགནས་ཡུལ་གཏན་འཁེལ། རྒྱུ་ཆ་གསར་པ་མཉམ་འདྲེས་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད་ཅེས་བྲིས་ཡོད།  པེའར་ཐུའོ་ཆིས་ཁོང་ཚོ་དང་མཉམ་དུ་བྱ་དགའ་དེ་ལོངས་སྤྱོད་རྒྱུ་རེད། ཁོང་གིས་རྫས་འགྱུར་རྡེབ་གནོན་མཐོ་ཚད་གསར་པ་ཞིག་ཏུ་མཐོ་རུ་བཏང་སྟེ། དེ་སྤྱད་ནས་ཕྲ་ཕུང་ཕྱི་ངོས་ཀྱི་སྐྱེ་དངོས་ཆ་རྡུལ་འབྲི་འགོ་བརྩམས་པ་དང་། ཁོང་གི་སྐྱེ་དངོས་ཀྱི་མཐུན་སྡེབ་འགྱུར་འབྱུང་དེ་ད་ལྟ་ཁྱབ་ཁོངས་མང་པོར་སྤྱོད་ཀྱི་ཡོད། དེའི་ནང་དེ་བས་དམིགས་སའི་རང་བཞིན་ཆེ་བའི་སྐྲན་ནད་སྨན་བཅོས་ལ་གཞོགས་འདེགས་བྱེད་པ་མངོན་འགྱུར་བྱུང་ཡོད་པ་ཚུད་ཡོད།

ཁོང་གསུམ་གྱིས་བྱ་དགའི་དངུལ་སུའེ་ཏེན་སྒོར་ཁྲི1000(ཕལ་ཆེར་དམངས་སྒོར་ཁྲི652)མཉམ་སྤྱོད་བྱ་རྒྱུ་རེད།

ཧྲ་ཕུའུ་ལི་སི1941ལོར་ཨ་རིའི་ཧྥེ་ཁྲེང་ནས་སྐྱེས་པ་དང་། 1968ལོར་ཨ་མེ་རི་ཁའི་སི་ཐན་ཧྥུའུ་སློབ་ཆེན་ནས་འབུམ་རམས་པའི་སློབ་གནས་ཐོབ། མིག་སྔར་ཨ་མེ་རི་ཁའི་སི་ཁེ་ལི་ཕུའུ་སི་ཞིབ་འཇུག་ཁང་གི་འཆད་ཁྲིད་དགེ་རྒན་ཆེན་མོ་ཡིན། 2001ལོར། “སིན་ཐིན་གྱི་ཆ་མི་འགྲིག་པའི་གདུབ་དབྱང་འགྱུར(AE)འགྱུར་འབྱུང་དང་ཆ་མི་འགྲིག་པའི་ཆའང་རྨང་ཟུང་ཅན(AD)འགྱུར་འབྱུང་”གྱི་བྱས་རྗེས་ཐོག་ནས་ནོ་པེར་རྫས་འགྱུར་བྱ་དགའ་ཐོབ། 2019ལོའི་ཟླ11པར་ཁོང་ཀྲུང་གོ་ཚན་རིག་ཁང་གི་ཕྱི་རྒྱལ་གྱི་ཡོན་ཧྲིར་བདམས།

མེའར་ཏར། 1954ལོར་ཏེན་མག་ཏུ་སྐྱེས། ཏེན་མག་གི་ཀོ་པིན་ཧ་ཀེན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན།

པེའར་ཐུའོ་ཆི1966ལོར་ཨ་རི་ནས་སྐྱེས། ཨ་རིའི་སི་ཐན་ཧྥུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན། ཁོ་མོ་ད་ལོའི་ཟླ2པར་ནོ་པེར་བྱ་དགའི་ཕྱོགས་སྟོན་ཞེས་འབོད་པའི་ཨོའར་ཧྥུའུ་བྱ་དགའ་ཐོབ། མོ་ནི་ནོ་པེར་བྱ་དགའི་རྫས་འགྱུར་བྱ་དགའ་བཙུགས་པ་ནས་བཟུང་། བྱ་དགའ་ཐོབ་པའི་བུད་མེད་ཚན་རིག་པ་ཨང8པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།