ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མན་རྒྱ་མཚོ་ནས་སྣུམ་སྐྱེལ་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་གསུམ་ཉིན་ཨ་མན་རྒྱ་མཚོ་ནས་སྣུམ་སྐྱེལ་གྲུ་གཟིངས་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། འབྲེལ་ཡོད་ཕྱོགས་ཀྱིས་དོན་དག་དེའི་འབྱུང་རྐྱེན་ལ་རྩད་གཅོད་གསལ་པོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་དང་ཁུལ་ཁོངས་སམ་ཁུལ་ཁོངས་ཕལ་བའི་རྩ་འཛུགས་མཉམ་ལས་ཏེ་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ཞེས་པའི་ཡོངས་་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྐབས་བཤད་རྒྱུར། ངས་དམངས་སྤྱོད་གྲུ་གཟིངས་དམིགས་ཡུལ་དུ་འཛིན་པའི་འཇབ་རྒོལ་མཐའ་དག་ལ་རྒོལ་གཏམ་དྲག་པོ་གཏོང་བ་ཡིན། ངེས་པར་དུ་དོན་དག་ལ་ཞིབ་བཤེར་གསལ་པོ་བྱས་ཏེ་འགན་ཁུར་རྩད་གཅོད་ནན་མོ་བྱེད་དགོས་ཟེར།

ཀུའུ་ཐི་ལེ་སི་ཡིས་བསྟན་དོན། འཛམ་གླིང་གིས་མཚོ་ཁུགས་ས་ཁུལ་སུ་འཁྲུག་རྩོད་ཚབས་ཆེན་འབྱུང་དེ་དང་ལེན་བྱེད་ཐབས་མེད་ཟེར།

ཉིན་དེའི་ཅུང་སྔ་བའི་དུས་སུ། སྣུམ་སྐྱེལ་གྲུ་གཟིངས་གཉིས་ལ་ཨ་མན་རྒྱ་མཚོ་ནས་འཇབ་རྒོལ་ཐེབས་ཏེ་འགས་གཏོར་བྱུང་བ་དང་། གྲུ་གཟིངས་སྟེང་དུ་མི་སྐྱོན་ཆེན་པོ་ཐེབས། གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། མ་བཅོས་རྡོ་སྣུམ་དྲུད་ཡོད་པའི་གྲུ་གཟིངས་དེ་གཉིས་ཀྱི་སྟེང་མཱ་ཧྲའོ་ཨར་གླིང་ཚོམ་རྒྱལ་ཁབ་ཀྱི་དར་ཆ་དང་ཕ་ན་མ་རྒྱལ་ཁབ་ཀྱི་དར་ཆ་བཀལ་ཡོད་ལ། འཇབ་རྒོལ་ཐེབས་རྗེས་སྣུམ་སྐྱེལ་གྲུ་གཟིངས་སྟེང་གི་གྲྭ་པ་བཅུ་ཕྲག་འགའ་བདེ་འཇགས་ངང་ཐར་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།