སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཨ་ལེ་ཕའོ་གྲོང་ཁྱེར་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨ་ལེ་ཕའོ་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་བཞིར་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཉིན་དེར་ཨ་ལེ་ཕའོ་གྲོང་ཁྱེར་ཤར་ལྷོའི་ཕྱོགས་ཀྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་འདུས་སྡོད་ས་ཁུལ་ནཱ་ལཱ་པུའུ་ཡུལ་གྱར་བའི་སྒར་ས་རུ་མེ་ཤུགས་སྒྱོགས་མདེལ་བཞི་གཏོང་འཕེན་བྱས་ཏེ། མི་མང་བོར་ཤི་རྨས་ཐེབས་པ་ལས་གཞན་སྡོད་དམངས་ཀྱི་ཁང་བ་མང་བོར་གཏོར་བརླག་ཐེབས་ཡོད་ཟེར། 

མིག་སྔར་རྨས་མ་དག་ས་དེའི་སྨན་ཁང་གཉིས་སུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

བསྒྲགས་པའི་གནས་ཚུལ་ལས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་གང་གིས་འཇབ་རྒོལ་དོན་རྐྱེན་བཟོས་པ་བྱེ་བྲག་ཏུ་བརྗོད་མེད་ཀྱང་། ཨ་ལེ་ཕའོ་ཞིང་ཆེན་དུ་འགུལ་སྐྱོད་བྱེད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་མང་ཆེ་བ་དབང་བསྡུའི་འཐབ་ཕྱོགས་ཞེས་པའི་ཐལ་སྤྱོད་རྩ་འཛུགས་སུ་གཏོགས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།