ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཚོང་དོན་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་རྗེས་དབྱི་ལིང་གིས་རྒྱལ་ཁབ་གཞན་པའི་གཡོ་ཇུས་ལ་དོགས་ཟོན་བྱ་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཚོང་དོན་གྲུ་གཟིངས་བཞི་ལ་ཨ་རབ་རྒྱལ་ཁབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཉེ་འདབས་ཀྱི་མཚོ་ཁོངས་སུ་འཇབ་རྒོལ་ཐེབས་པས། ས་ཁུལ་དེའི་རྒྱལ་ཁབ་དག་གིས་འབྱུང་སྲིད་པའི་གཡོ་ཇུས་རེ་འགར་དོགས་ཟོན་བྱེད་དགོས་ཟེར། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཚོང་དོན་གྲུ་གཟིངས་བཞི་ལ་ཉེ་འདབས་མཚོ་ཁོངས་ནས་གཏོར་བརླག་ཐེབས་པ་དང་། སི་ཏི་ཨ་རབ་སྲིད་གཞུང་གིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། དེའི་ནང་གྲུ་གཟིངས་གཉིས་ནི་སོ་ཏི་ཨ་རབ་ཀྱི་སྣུམ་འདྲུད་གྲུ་གཟིངས་རེད་ཟེར། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་དོན་རྐྱེན་དེར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། དོན་རྐྱེན་དེའི་ནང་དོན་ཞིབ་རྒྱས་ལ་རྒྱུས་ལོན་བྱེད་འདོད་ཡོད་པའི་ཚུལ་བསྟན། 

ཁོས་ད་རུང་ས་ཁུལ་དེའི་རྒྱལ་ཁབ་དག་གིས་རྒྱལ་ཁབ་གཞན་པའི་ཉེན་ཁའི་རིང་ལུགས་ཀྱི་བྱ་སྤྱོད་ལ་དོགས་ཟོན་བྱ་དགོས་པ་དང་། བསམ་ངན་བཅངས་ཏེ་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་གཏོར་བརླག་བྱེད་པར་དོགས་ཟོན་བྱ་དགོས་ཟེར།

ཧྥ་ལེ་ཧི་ཡིས་ཐེངས་འདིའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཚོ་ཐོག་གི་འགྲུལ་བཞུད་བདེ་འཇགས་དང་སྣུམ་འདྲུད་གྲུ་གཟིངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། རིགས་དེ་མཚུངས་ཀྱི་ནུས་ཁུངས་ཚོང་རར་ཤུགས་རྐྱེན་ངན་པ་ཐེབས་པ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་འཇིགས་ཉེན་ཐེབས་སྲིད་པའི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱ་དགོས་པའི་འབོད་སྐུལ་བཏང་།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།