ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་འཇབ་རྒོལ་དོན་རྐྱེན་བཟོས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས12ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཉིན་དེའི་ཉིན་གུང་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་གྱི་སེ་ཀི་ལཱ་པུས་ཡེ་གྲོང་རྡལ་དུ་མེ་ཤུགས་འཕུར་མདའ་བཏང་སྟེ། བྱིས་པ་བཞི་དང་བུད་མེད་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བྱིས་པ་དྲུག་ལ་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཉིན་དེར་སེ་ཀི་ལཱ་པུས་ཡེ་ནས་བཟོས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ལས་དམངས་ཀྱི་སྡོད་ཁང་རེ་འགར་གཏོར་བརླག་ཐེབས་པ་དང་། ས་དེར་སྡོད་པའི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་མྱུར་དུ་རྒོལ་ལན་སྤྲད་དེ་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་སྦས་སྐོང་བྱེད་ས་དང་མཚོན་ཆར་གཏོར་བརླག་བཏང་ཡོད་པ་རེད། 

ཟླ་འདིའི་ཚེས8ཉིན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཧཱ་མཱ་ཞིང་ཆེན་ནུབ་བྱང་ཕྱོགས་ཀྱི་གྲོང་རྡལ་གཞན་ཞིག་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། བྱིས་པ་དང་བཅས་པའི་མི་སེར་དཀྱུས་མ་མང་བོར་ཚད་མི་འདྲ་བའི་རྨས་ཕོག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།