ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཙེ་ལིན་སི་ཅི་ཙུང་ཐུང་དུ་བདམས་པ་དངོས་སུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གསུམ་ཉིན་དེའི་དྲ་ཚིགས་སྟེང་དངོས་སུ་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་གྱི་མིང་དུ་གྲགས་པའི་འཁྲབ་སྟོན་པ་ཙེ་ལིན་སི་ཅི་ཙུང་ཐུང་གསར་བར་བདམས་ཡོད་ཟེར།

ཝུའུ་ཁི་ལན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་མཇུག་མཐའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། ཚེས་ཉེར་གཅིག་ཉིན་སྤེལ་བའི་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་སྐབས། ཙེ་ལིན་སི་ཅི་ལ་བརྒྱ་ཆའི་དོན་གསུམ་དང་གྲངས་ཆུང་གཉིས་གཉིས་ཀྱི་འདེམ་ཤོག་ཐོབ་ཡོད་པ་དང་། འདེམ་དམངས་ཀྱི་འདེམ་ཤོག་ཐོབ་པའི་ཚད་བརྒྱ་ཆའི་རེ་གཅིག་དང་གྲངས་ཆུང་གསུམ་བདུན་རེད།

ཝུའུ་ཁི་ལན་གྱི་འདེམ་བསྐོའི་བཅའ་ཁྲིམས་ལྟར་ན། སྐོར་ཐེངས་གཉིས་པའི་འདེམ་བསྐོའི་ཁྲོད་འདེམ་ཤོག་མང་བོ་ཐོབ་མཁན་ལ་རྒྱལ་ཁ་ཐོབ་པ་དང་། ཙུང་ཐུང་གསར་བས་ཟླ་དྲུག་པའི་ཚེས་གསུམ་གྱི་སྔོན་ལ་དམ་བཅའ་བཞག་སྟེ་ལས་འགན་ཁུར་དགོས་ལ། འགན་ཡུན་ནི་ལོ་ལྔ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།