ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་ཕོ་ལན་ལ་བར་སྣང་ནས་མྱུལ་ཞིབ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་དོན་ལྟ་ཞིབ་པས་བར་སྣང་སྒོ་འབྱེད་སྲོལ་ཡིག་གཞིར་བཟུང་ནས་ཨ་མེ་རི་ཁར་བར་སྣང་མྱུལ་ཞིབ་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་ཉིང་རྡུལ་ཉེན་ཁ་ཇེ་ཆུང་དུ་གཏོང་བའི་ལྟེ་གནས་ཀྱི་ཀྲུའུ་རིན་ལོས་རི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཟླ་འདིའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བདུན་ཉིན་བར། བར་སྣང་སྒོ་འབྱེད་སྲོལ་ཡིག་གཞིར་བཟུང་ནས། ཨུ་རུ་སིའི་དམག་དོན་ལྟ་ཞིབ་པ་ཨུ་རུ་སིའི་གནམ་གྲུར་བསྡད་དེ་ཨ་མེ་རི་ཁའི་མཁའ་ཁོངས་སུ་སོང་ནས་བར་སྣང་མྱུལ་ཞིབ་བྱེད་རྒྱུ་ཡིན་ཟེར། 

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། སྐབས་ཐོག་དེར་ཨ་མེ་རི་ཁ་ཕྱོགས་ཀྱི་འབྲེལ་ཡོད་མི་སྣའང་གནམ་གྲུ་གཅིག་ཏུ་བསྡད་ནས་འགུལ་སྐྱོད་ལ་ཞུགས་ཏེ། འཕུར་སྐྱོད་ལམ་ཐིག་དང་མྱུལ་ཞིབ་བྱ་སྤྱོད་བར་སྣང་སྒོ་འབྱེད་སྲོལ་ཡིག་གི་གཏན་འཁེལ་དང་མཐུན་པར་འགན་སྲུང་བྱེད་རྒྱུ་རེད་ཟེར། 

དེ་ལས་གཞན་ཟླ་འདིའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཨུ་རུ་སི་ཡིས་ད་རུང་ཕོ་ལན་ལའང་བར་སྣང་མྱུལ་ཞིབ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།