ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ལེ་ཝེ་ཡཱ་ནས་འགྲུལ་སྐྱེལ་རླངས་འཁོར་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ལེ་ཝེ་ཡཱའི་པཱ་སི་ཞིང་ཆེན་དུ་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་། ཞིང་ཆེན་བར་གྱི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་དངོས་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལ་ཐོ་བརྒྱབ་རྗེས་གྲོག་རོང་དུ་ལྷུང་སྟེ། ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བཞིར་རྨས་ཕོག་ཡོད་ཟེར། 

པའོ་ལེ་ཝེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་དེ་སྲིད་འཛིན་རྒྱལ་ས་ལཱ་པཱ་སི་ནས་པེ་ནེ་ཞིང་ཆེན་གྱི་ལུའུ་ལོས་ནཱ་ཝ་ཁི་གྲོང་ཁྱེར་དུ་འགྲོ་རྩིས་ཡོད་ལ། འགྲུལ་སྐྱེལ་རླངས་འཁོར་དེ་ལཱ་པཱ་སི་ནས་ཁཱ་ལཱ་ནཱ་ཝེ་གྲོང་རྡལ་བར་གྱི་གཞུང་ལམ་བརྒྱུད་དུས་མདུན་གྱི་རླངས་འཁོར་གྱི་སྔོན་ལ་འབུད་རྩིས་བྱེད་སྐབས། ཁ་གཏད་ནས་ཡོང་བའི་དངོས་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལ་ཐོབ་བརྒྱབ་པ་དང་། དེའི་རྗེས་སུ་གཏིང་ཚད་ལ་རྨིད་སུམ་བརྒྱ་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་བྱུང་སའི་ས་བབ་ཅུང་རྙོག་འཛིང་ཡིན་པ་དང་། རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བཟོས་ཡོད་ཟེར། མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།