ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་ཞིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཚེས་བཅུ་བཞིའི་ཉིན་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་ཞིག་དང་དེའི་རྗེས་འདེད་མི་སྣ་གསུམ་བསད་ཟེར། 

དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་ནང་བཤད་རྒྱུར། དབྱི་རག་གི་མཁའ་དམག་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་རོགས་འདེགས་འོག དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཏིས་ཡཱ་ལཱ་ཞིང་ཆེན་བྱང་ངོས་ཀྱི་ཞེ་མུའུ་ལིན་རི་ཁུལ་ནས་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ས་ཁུལ་དེའི་དམག་དོན་མགོ་ཁྲིད་པ་སཱ་ལེ་མན་ཏཱ་ཝུའུ་ཏི་བསད་ཟེར། 

ཞེ་མུའུ་ལིན་རི་ཁུལ་དེ་དབྱི་རག་གི་ཤར་ཕྱོགས་སུ་གནས་པ་དང་། དུས་ཡུན་རིང་བོར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དག་གི་སྦས་སྐོང་བྱེད་ས་ཡིན། དབྱི་རག་དམག་ཕྱོགས་ཀྱིས་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་ནས་བཟུང་ཞེ་མུའུ་ལིན་རི་ཁུལ་དུ་གཞི་རྒྱ་ཆེ་བའི་གཙང་ཕྱགས་འགུལ་སྐྱོད་སྤེལ་མགོ་བརྩམས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།