ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་གཏེར་ལས་སྤྱི་ཁྱབ་ཀུང་ཟི་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བཅུ་དགུའི་ཉིན་ཝེ་ནེ་ཙུའེ་ལཱའི་གཏེར་ལས་སྤྱི་ཁྱབ་ཀུང་ཟི་དང་དེའི་ཙུང་ཚེ་ལ་བཀག་སྡོམ་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས། 

ཨ་མེ་རི་ཁའི་ནོས་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཝེ་ནེ་ཙུའེ་ལཱའི་གཏེར་ལས་སྤྱི་ཁྱབ་ཀུང་ཟི་ནི་རྒྱལ་ཁབ་དེའི་རྒྱལ་དབང་གསེར་གཏེར་ལས་སྣོན་ཁེ་ལས་གཅིག་པུ་ཡིན་པ་དང་། གཙོ་བོ་གསེར་ལས་སྣོན་དང་ཉོ་ཚོང་ལ་བརྟེན་ནས་མཱ་ཏུའུ་ལོ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀུང་ཟི་དེའི་ཙུང་ཚེ་མཱ་ཐཱ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བདུན་པ་ནས་བཟུང་ལས་འགན་ཁུར་བ་རེད་ཟེར། 

གསལ་སྒྲོག་ལྟར་ན། བཀག་སྡོམ་ཐེབས་པའི་ཀུང་ཟི་དེའི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་ཀུང་ཟི་དེའི་བར་ཉོ་ཚོང་བྱེད་མི་རུང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།