ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་གྱི་ཙུང་ཐུང་གིས་སྲིད་གཞུང་གཏོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཚེས་ཉེར་གཅིག་ཉིན་ཧཱ་སག་སི་ཐན་སྲིད་གཞུང་གིས་ཉེ་བའི་ལོ་འགའི་རིང་གི་བྱ་བར་སྐྱོན་བརྗོད་བྱས་པར་མ་ཟད། སྲིད་གཞུང་གཏོར་བའི་ཙུང་ཐུང་བཀའ་རྒྱའི་སྟེང་མིང་བཀོད། 

ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་གསལ་སྒྲོག་སྤེལ་ཏེ། ལོ་གཉིས་ཀྱི་ཡར་སྔོན་ཁོས་བཅོས་བསྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ལ། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྲུབ་ཚུལ་མྱུར་དུ་ལེགས་སྒྲིག་བྱས་ཏེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཆེད་ཡིན་ཡང་། སྲིད་གཞུང་གི་བཅོས་བསྒྱུར་བྱེད་ཐབས་དེ་སྔོན་དཔག་གི་ནུས་ཚད་དུ་བསླེབ་མེད་པ་དང་། དཔལ་འབྱོར་འཕར་སྣོན་སྔར་བཞིན་གཙོ་བོ་ཐོན་ཁུངས་གསར་སྤེལ་ལ་བརྟེན་ནས་ཡར་སྐུལ་གཏོང་དགོས་ལ། མི་དམངས་ཀྱི་འཚོ་བར་ཡང་ངེས་པ་དོན་གྱི་ལེགས་བཅོས་ཐོབ་མེད། མི་དམངས་ཀྱི་ཁེ་ཕན་ཆེད་དུ་ཁོས་སྲིད་གཞུང་གཏོར་རྒྱུ་ཐག་བཅད་པ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།