ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་བདེ་འཇགས་དམག་དཔུང་གིས་བཙན་ཁྲིད་བྱས་པའི་མི་སེར་དཀྱུས་མ་དྲུག་གི་བེམ་པོ་རྙེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་བདེ་འཇགས་དམག་དཔུང་གི་དཔོན་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་ནས་སྔ་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་ཁྲིད་བྱས་པའི་མི་སེར་དཀྱུས་མ་དྲུག་གི་བེམ་པོ་རྙེད་ཟེར། 

ཨན་པཱ་ཨར་ཞིང་ཆེན་གྱི་བདེ་འཇགས་དཔོན་པོ་ཞིག་གིས་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་ཚེས་བཅུ་དགུའི་ཉིན་འགུལ་སྐྱོད་སྤེལ་ཏེ། ཚེས་བཅོ་བརྒྱད་ཉིན་ཞིང་ཆེན་དེའི་ནོའུ་ཁཱ་པུས་གྲོང་རྡལ་ཉེ་འདབས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པས་བཙན་ཁྲིད་བྱས་པའི་མི་སེར་དཀྱུས་མ་སྐྱོབ་རྩིས་བྱས། སྔོག་བཤེར་བྱས་པ་བརྒྱུད་བདེ་འཇགས་དམག་དཔུང་གིས་མི་སེར་དཀྱུས་མ་དྲུག་གི་བེམ་པོ་རྙེད་པ་དང་། གནོད་ཐེབས་མཁན་གྱི་ལུས་སྟེང་དུ་མེ་མདའ་མང་དུ་ཕོག་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། མི་སེར་དཀྱུས་མ་དེ་དག་ནི་ཚེས་བཅོ་ལྔ་ཉིན་ཞིང་ཆེན་དེའི་ལཱ་ཝ་གྲོང་རྡལ་ཉེ་འཁོར་གྱི་བྱེ་ཐང་དུ་བཙན་ཁྲིད་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།