ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱ་ཡིས་ཨ་མེ་རི་ཁའི་བར་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190124092011WzLQ.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་གྱི་ཕྱི་དྲོར་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཨ་མེ་རི་ཁའི་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་མི་སྣ་དག་དུས་ཚོད་དོན་གཉིས་ནང་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན། ཚེས་ཉེར་གསུམ་ཉིན། ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཏང་ཁག་གིས་རྒྱལ་ས་ཅཱ་ལཱ་ཅཱ་སི་ནས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་སྤེལ་ཏེ། ངོ་རྒོལ་ཏང་གི་གཙོ་འཛིན། ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གི་ཀྲུའུ་ཞི་བཀའ་དབྱེ་ཏའོ་ཡིས་རྒྱལ་ཁབ་དེའི་གནས་སྐབས་ཙུང་ཐུང་གི་འགན་ཁུར་རྒྱུ་ཁྱབ་སྒྲོག་བྱས་པར་ངོ་རྒོལ་བྱས། དེའི་རྗེས་སུ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་དེ་ཁས་ལེན་བྱེད་རྒྱུའི་ཚུལ་བསྟན་པས། མཱ་ཏུའུ་ལོ་ཁོང་ཁྲོ་ཆེན་པོ་ལངས་པ་དང་། ཨ་མེ་རི་ཁའི་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ལ་འདེམ་བསྐོ་ཆེན་མོའི་ཁྲོད་བརྒྱ་ཆའི་རེ་བརྒྱད་དང་གྲངས་ཆུང་བདུན་གྱི་འདེམ་ཤོག་ཐོབ་སྟེ་ཡང་བསྐྱར་བདམས་ཐོན་བྱུང་བ་དང་། ད་ལོའི་ཟླ་དང་པོའི་ཚེས་བཅུའི་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།