ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཏཱ་བོ་སིའི་འགྲུལ་བཞུད་རྩིས་མེད་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུའི་ཉིན་ཁྱབ་སྒྲོག་བྱས་དོན། སུའེ་ཙེར་གྱི་ཏཱ་བོ་སི་རུ་སོང་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་པའི་འགྲུལ་བཞུད་དེ་རྩིས་མེད་དུ་གཏོང་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་ལས་ཆོད་དོན་དེ་ཁྱབ་སྒྲོག་བྱས་པ་རེད། ཁོས་བཤད་རྒྱུར། རྒྱལ་ཚོགས་དམངས་གཙོ་ཏང་མིས་མཐའ་མཚམས་བདེ་འཇགས་གནད་དོན་ཐད་ནས་མཐུན་སྦྱོར་མ་བྱས་པ་དང་བདེ་འཇགས་དེ་ཨ་མེ་རི་ཁར་གལ་འགངས་ཧ་ཅང་ཆེ་བར་དམིགས་ནས། ཁོས་ཏཱ་བོ་སིའི་འགྲུལ་བཞུད་རྩིས་མེད་དུ་བཏང་བ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།