ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་རལ་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་ས་ཞིང་བཙན་བཟུང་བྱེད་པའི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཕཱ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་ཕཱ་ལེ་སི་ཐན་པའི་ས་ཞིང་མང་བོ་བཙན་བཟུང་བྱས་ཏེ། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་པའོ་ལེ་ཧིན་གྲོང་ཁྱེར་ལྷོ་ངོས་སུ་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་བར་རྒོལ་གཏམ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཁང་བ་སྟོང་ཕྲག་འགའ་ཡོད་པའི་གཏན་སྡོད་བྱེད་སའི་འཛུགས་སྐྲུན་འཆར་གཞི་དེས་ཕཱ་ལེ་སི་ཐན་གྱི་པའོ་ལེ་ཧིན་གྲོང་ཁྱེར་དེའི་ཕྱོགས་སོ་སོ་ནས་མཐའ་བསྐོར་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་སྲིད་གཞུང་གིས་ཕཱ་ལེ་སི་ཐན་གྱི་ས་ཞིང་སྟེང་གི་གཏན་སྡོད་ས་ཁུལ་བཙན་བཟུང་བྱ་སྤྱོད་དེས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཞི་བདེ་མངོན་འགྱུར་བྱེད་པའི་གོ་སྐབས་ལ་རྩ་བ་ནས་གཏོར་བརླག་ཐེབས་ངེས་རེད་ཟེར། 

ཚེས་བརྒྱད་ཉིན་དབྱི་སི་རལ་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་སྲིད་གཞུང་གིས་ས་ཞིང་ཀུང་ཆིང་བརྒྱ་དང་ཉི་ཤུ་བཀོལ་ནས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གསར་བ་ཞིག་འཛུགས་སྐྲུན་བྱེད་རྩིས་ཡོད་ལ། དེས་པའོ་ལེ་ཧིན་ཉེ་འདབས་ཀྱི་ཨེ་ཧྥོ་ལཱ་ཐི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་པའོ་ལེ་ཧིན་ཕྱོགས་སུ་རྒྱ་བསྐྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།