ཀྲུང་གོ་བོད་ཀྱི་དྲ་བ།

སྨན་བཅོས་ཐད་བཀོལ་བའི་གྱེན་འཕུར་གནམ་གྲུ་ཞིག་ཕུའུ་ཐའོ་ཡཱའི་བྱང་ཕྱོགས་ས་ཁུལ་ནས་སར་ལྷུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་རྒྱལ་ཁབ་འཕྲལ་སྒྲུབ་སྨན་བཅོས་ཁང་གིས་ཚེས་བཅུ་དྲུག་ཉིན་བདེན་དཔང་བྱས་དོན། སྨན་བཅོས་ཐད་བཀོལ་བའི་གྱེན་འཕུར་གནམ་གྲུ་ཞིག་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཕུའུ་ཐའོ་ཡཱའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་པའོ་ཨར་ཐུའུ་ཉེ་འདབས་སུ་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བཞི་བོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར། 

ཕུའུ་ཐའོ་ཡཱའི་རྒྱལ་ཁབ་འཕྲལ་སྒྲུབ་སྨན་བཅོས་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཁ་ལོ་བ་གཉིས་དང་སྨན་པ་གཅིག ནད་གཡོག་མ་གཅིག་བཅས་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། 

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གྱེན་འཕུར་གནམ་གྲུ་དེས་ཚེས་བཅོ་ལྔ་ཉིན་ནད་པ་ཚབས་ཆེན་ཞིག་པའོ་ཨར་ཐུའུ་ཡི་སྨན་ཁང་ཞིག་ཏུ་བསྐྱལ་རྗེས། ཕྱིར་པུའུ་ལཱ་ཀན་སཱའི་ཉེ་འདབས་ཀྱི་རྟེན་གཞིར་ལོག་སྐབས་ལམ་བར་ནས་སར་ལྷུང་བ་རེད། དོན་རྐྱེན་བྱུང་སྐབས་ནམ་ཟླ་ཧ་ཅང་མི་བཟང་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།