ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་ལྷོ་ཕྱོགས་ས་ཁུལ་ནས་ཟས་རིགས་དུག་ཕོག་དོན་རྐྱེན་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ལྷོ་ཕྱོགས་ཀྱི་ཁཱ་ནཱ་ཐཱ་ཁི་པང་དུ་ཚེས་བཅུ་བཞིའི་ཉིན་ཟས་རིགས་དུག་ཕོག་དོན་རྐྱེན་བྱུང་སྟེ། མིག་སྔར་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱད་ཅུ་ལྷག་སྨན་ཁང་དུ་བསྡད་དེ་གསོ་བཅོས་བྱེད་བཞིན་ཡོད།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཁཱ་ནཱ་ཐཱ་ཁི་པང་གི་ལྟེ་གནས་གྲོང་ཁྱེར་པན་ཅཱ་ལོ་ཨར་ལྷོ་ངོས་ཀྱི་སྤྱི་ལེ་བརྒྱ་དང་རེ་ལྔའི་མཚམས་སུ་ཡོད་པའི་སཱ་ཨར་ཝ་ཏིས་སྡེ་བ་ནས་བྱུང་། སྡེ་མི་སྐོར་ཞིག་གིས་རིན་མི་དགོས་པར་འདོན་སྤྲོད་བྱས་པའི་ཟས་རིགས་ཟོས་རྗེས་སྔ་གཞུག་ཏུ་སྐྱུག་པ་དང་ཞེན་ཁ་ལོག་པ་སོགས་ཀྱི་སྣང་ཚུལ་བྱུང་། མིག་སྔའི་བར་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་ཟེར། 

ས་དེའི་འཕྲོད་བསྟེན་དཔོན་པོས་བསྟན་དོན། ཟས་རིགས་ཀྱི་མ་དཔེ་ཚོད་ལྟ་ཁང་དུ་སྤྲད་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན་ཟས་རིགས་ཁྲོད་དུ་དུག་ལྡན་རྫས་བསྲེས་ཡོད་པ་འདྲ། སྡེ་མི་སྐོར་ཞིག་ལ་དུག་ཕོག་པའི་གནས་ཚུལ་ཅུང་ཚབས་ཆེན་ཡིན་པས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། 

བསྒྲགས་པ་ལྟར་ན། ཁཱ་ནཱ་ཐཱ་ཁི་པང་གི་དབུ་བཞུགས་པུའུ་ཀྲང་གིས་མྱུར་མོར་དུག་ཕོག་དོན་རྐྱེན་དེར་རྟོག་ཞིབ་བྱེད་དགོས་པ་དང་། འདས་པོའི་ཁྱིམ་ཚང་རེ་རེར་མེ་སྒོར་སྟོང་བདུན་ཙམ་གྱི་སེམས་གསོའི་མ་དངུལ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།