ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་མནའ་འབྲེལ་གྱིས་བར་སྣང་འཇབ་རྒོལ་བྱས་ཏེ་སི་རི་ཡཱའི་མི་སེར་དཀྱུས་མ་ཉེར་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་དགུའི་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་སྣེ་ཁྲིད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཚེས་དགུའི་ཉིན་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་ཉེར་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཚེས་དགུའི་ཉིན་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཧཱ་ཅིན་གྲོང་རྡལ་དུ་བར་སྣང་འཇབ་རྒོལ་ཐེངས་བཅུ་ཕྲག་ལྷག་བྱས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག སྡོད་ཁང་མང་བོར་གཏོར་བརླག་ཐེབས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།