ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ཐུང་གིས་གཡས་སུ་ལྷུང་བའི་སྣང་ཚུལ་ལ་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་དགུའི་ཉིན་རྒྱལ་ཕྲན་མཉམ་འབྲེལ་་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། འཇར་མན་མང་ཚོགས་ཀྱིས་ལོ་རྒྱུས་སྟེང་གི་འོད་སྣང་དང་མུན་ནག་ཡིད་ལ་དམ་པོར་བཅངས་ནས། དེང་སྐབས་ཀྱི་གཡས་སུ་ལྷུང་བའི་སྣང་ཚུལ་རེ་འགར་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་བཏང་། 

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་ཚེས་དགུའི་ཉིན་རྗེས་དྲན་བྱ་འགུལ་སྤེལ་ཏེ། ནཱ་ཚོས་ཏང་གིས་གཞི་རྒྱ་ཆེ་བའི་སྒོ་ནས་ཡིའུ་ཐེ་བ་དམར་གསོད་བཏང་བ་སོགས་ལོ་རྒྱུས་དོན་རྐྱེན་གལ་ཆེན་ལ་ཕྱིར་དྲན་བྱས་ཏེ་བསམ་བློ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།