ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་ཡིས་ཟླ་བཅུ་གཅིག་གི་ཟླ་སྨད་དུ་ལས་འགན་བསྐྱུར་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་ཡིས་ཚེས་བཅུ་བདུན་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན། རང་ཉིད་ཀྱིས་ད་ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་ལ་ལས་འགན་བསྐྱུར་རྒྱུ་ཡིན་ཟེར། 

ཏི་མུས་སི་ཐུའུ་ལཱ་ཡིས་བཤད་རྒྱུར། རང་ཉིད་ཀྱིས་ལས་འགན་བསྐྱུར་བའི་ཆོད་དོན་སྤེལ་བ་ནི་མི་སྒེར་གྱི་རྒྱུ་རྐྱེན་ཡིན་པ་དང་། དོན་དེའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་གྲོས་མོལ་བྱས་ཡོད་ལ། དྲུང་ཡིག་ཆེན་མོའི་ནམ་རྒྱུན་གྱི་རྒྱབ་སྐྱོར་དང་བློ་གྲོས་ལྡན་པའི་གྲོས་གཞིར་བཀའ་དྲིན་སྙིང་ནས་ཞུ་བཞིན་ཡོད་ཟེར། ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པར། སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཏི་མུས་སི་ཐུའུ་ལཱ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས་པ་རེད། 

ཏི་མུས་སི་ཐུའུ་ལཱ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྙན་ཞུ་བྱེད་སྐབས་བསྟན་དོན། ཆེས་མཇུག་མཐའི་ཟླ་ངོ་གཅིག་གི་འགན་ཡུན་ནང་། རང་ཉིད་ཀྱིས་མུ་མཐུགད་དུ་སི་རི་ཡཱའི་གནད་དོན་དེ་ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་པར་ཡར་སྐུལ་གཏོང་བར་མུ་མཐུད་དུ་བརྩོན་པ་བྱེད་རྒྱུ་ཡིན། སི་རི་ཡཱའི་སྲིད་གཞུང་གི་གདན་ཞུས་ལྟར། ཁོས་གཟའ་འཁོར་རྗེས་མར་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འཚམས་འདྲི་བྱེད་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞི་བའི་གྲོས་མོལ་དེ་དྲང་ལམ་དུ་ཞུགས་སུ་འཇུག་རྒྱུ་མ་ཟད། སི་རི་ཡཱ་ལ་རོགས་འདེགས་བྱས་ཏེ་རྩ་ཁྲིམས་གསར་བའི་གཏན་འབེབས་བྱ་བར་རྨང་གཞི་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།