ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨ་མེ་རི་ཁས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་གཏོང་བའི་བྱེད་ཐབས་ལ་ཉེན་ཁ་ཆེ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། ཨ་མེ་རི་ཁས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་གཏོང་བའི་བྱེད་ཐབས་ལ་ཉེན་ཁ་ཆེ་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་བཞི་ཉིན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་ཚབ་བྱས་ཏེ་དཔྱད་བརྗོད་སྤེལ་ཏེ། ཨ་མེ་རི་ཁས་མུ་མཐུད་དུ་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བར་གཏོང་བརླག་བྱེད་པའི་གཏམ་བཤད་སྤེལ་བ་དང་། ཨུ་རུ་སི་ལ་གཞི་བཅོལ་ས་ཅི་ཡང་མེད་པའི་སྐྱོན་འཛུགས་བྱས་ཏེ་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་བཏང་། དེ་རྒྱལ་ཁབ་ཆེན་མོ་གཉིས་ལ་མཚོན་ན་ཧ་ཅང་ཉེན་ཁའི་བྱ་སྤྱོད་ཅིག་རེད་ཟེར། 
ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། ནུབ་ཕྱོགས་གླེང་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སི་དང་འབྲེལ་བའི་བརྡ་འཕྲིན་རྫུན་མ་སྤེལ་ནས། མུ་མཐུད་དུ་ནུབ་ཕྱོགས་སྤྱི་ཚོགས་དང་འཛམ་གླིང་ཧྲིལ་བོ་མགོ་རྨོངས་པར་བྱས། དེ་ནི་མུ་མཐུད་དུ་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་པར་ཁ་གཡོར་ས་བཙལ་བའི་ཆེད་ཡིན་པ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།